20
Sat, Jul

བལ་ཡུལ་ཁྲིམས་བཟོ་པ་ཞིག་བོད་དོན་ལས་འགུལ་ནང་ཞུགས་རྐྱེན་གནས་དབྱུང་བཏང་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༢༦་ཉིན། བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཞིག་གིས་ཚོགས་པའི་ཁྲིམས་བཟོ་བ་ཞིག་ཟླ་སྔོན་མར་ཡུ་རོབ་ལ་བསྐྱོད་སྐབས། བོད་རང་དབང་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་འབྲེལ་མཐུད་ཚོགས་འདུ་ཞིག་ལ་ཞུགས་བྱས་པར་བརྟེན། ཁོ་དེ་རིང་ལས་གནས་ནས་གནས་དབྱུང་བཏང་བའི་གསལ་བསྒྲགས་བྱས་འདུག

དེ་ཡང་། བལ་ཡུལ་གྱི་ཀ་ཐི་མན་ཌུ་གསར་ཁང་(Kathmandu Post)གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་སོ་མ་ཇི་བྷ་ཌི( Samajbadi party)་ཞེས་པ་ཞིག་གིས། ཚོགས་པ་དེའི་ཁྲིམས་བཟོ་པ་པར་ཌི་ཡ་ཌ་ཧྥོ(Pradip Yadav) ལ་ཟླ་དྲུག་གི་རིང་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་དང་། དེའི་རྒྱུ་རྐྱེན་ནི་ཁོ་ཟླ་ལྔ་པའི་ནང་ཡུ་རོབ་ཀྱི་རྒྱལ་ཁབ་ལ་ཌི་ཝ་ཡ་ལའི་རྒྱལ་ས་རི་གྷ(Latvian capital Riga)་བསྐྱོད་སྐབས། བོད་རང་དབང་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་འབྲེལ་མཐུད་ཚོགས་འདུ(convention of International Network of Parliamentarians on Free Tibet)་ནང་འཛུལ་ཞུགས་བྱས་ཡོད་པས་ཡིན་འདུག

གནས་དབྱུང་གཏོང་བའི་ཐག་གཅོད་ནི་གཟའ་ཟླ་བ་ཉིན། ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་ཤིག་ཚོགས་རྗེས་བྱས་འདུག ཚོགས་པ་དེའི་དྲུང་ཆེ་གཞོན་པ་པར་ཀ་ཤ་ཨ་ཌི་ཀར( Prakash Adhikary)་ཡིས་བརྗོད་དོན་ལྟར་ན། ཁྲིམས་བཟོ་པ་པར་ཌི་ཡ་ཌ་ཧྥོ་ཡིས་བོད་རང་དབང་གི་ལས་འགུལ་ནང་འཛུལ་ཞུགས་བྱས་པ་ནི་ཚོགས་པ་དེའི་སྒྲིག་གཞི་དང་འགལ་ཡོད་པ་དང་། ཁོ་ལ་ཟླ་དྲུག་གི་རིང་ལས་གནས་ནས་གནས་དབྱུང་བཏང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

གནས་ཚུལ་དེར་འགྲེལ་བརྗོད་གཞན་ཡང་བརྗོད་དོན། གནས་ཚུལ་དེ་བྱུང་དགོས་དོན་ནི་བལ་ཡུལ་གྱིས་རྒྱ་ནག་གཞུང་གི་ངོ་སོ་རེག་པའི་ཆེད་དུ་དང་། མ་འོངས་པར་བལ་མི་ཚོས་བོད་དོན་རྒྱབ་སྐྱོར་མི་བྱེད་པའི་བའི་ཆེད་དུ་ཡིན་པར་ཡང་བརྗོད་ཀྱི་འདུག

གཞན་ཡང་། བལ་ཡུལ་ནང་གི་གྲོས་ཚོགས་འཐུས་མི་སུ་ཞིག་ཕྱི་རྒྱལ་ཁག་དུ་བསྐྱོད་སྐབས། ས་ཆ་གང་དུ་འགྲོ་ཡི་ཡིན་པ་དང་རྒྱུ་མཚན་གང་ཡིན་མིན་སོགས་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་ཞུ་དགོས་ཀྱི་ཡོད་འདུག

གསལ་བསྒྲགས་ཀྱི་ས་མིག