19
Fri, Apr

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣་ཚེས་༦་ཉིན། ཉེ་ཆར་གསར་ཏུ་བཏོན་པའི་རྒྱལ་སྤྱིའི་མཁའ་རླུང་འབགས་བཙོག་སྙན་ཐོའི་ནང་དུ། ཨེ་ཤེ་ཡའི་གྲོང་ཁྱེར་མང་ཤོས་འབགས་བཙོག་ཆེ་བའི་གྲོང་ཁྱེར་ཡིན་པའི་ཐོ་འགོད་གསར་བ་ཞིག་བྱས་ཡོད་པ་དང་། ལོ་རྗེས་མར་འཛམ་གླིང་སྤྱི་ཡོངས་ལ་མཁའ་རླུང་འབགས་བཙོག་གིས་མི་ས་ཡ་༧་དུས་ལ་མ་རན་པར་འཆི་བར་བྱེད་པའི་རྐྱེན་བྱེད་ཀྱི་འདུག་པ་མ་ཟད། དཔལ་འབྱོར་ཐོག་ཡང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་སྐོར་བཀོད་འདུག

དེ་ཡང་༢༠༡༨ལོར་མཁའ་རླུང་བརྟག་དཔྱད་བྱས་པའི་སྙན་ཐོ་བཏོན་པའི་ནང་། འཛམ་གླིང་ནང་གི་གྲོང་ཁྱེར་༣༠༠༠་གི་མཁའ་རླུང་ལ་བརྟག་དཔྱད་བྱས་ཡོད་པ་དང་། མཁའ་རླུང་འབགས་བཙོག་མང་ཤོས་ཀྱི་རྒྱལ་ཁབ་ནི་རྒྱ་ནག་དང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཡིན་འདུག ཡིན་ནའང་། མཁའ་རླུང་འབགས་བཙོག་ནི་འཛམ་གླིང་སྤྱིའི་གནད་དོན་ཞིག་ཡིན་པ་བརྗོད་འདུག

ཨེ་ཤེ་ཡ་དང་དཀྱིལ་ཤར་རྒྱལ་ཁབ་ཁག་གི་གྲོང་འཁྱེར་དག་ནི་འཛམ་གླིང་གི་མཁའ་རླུང་འབགས་བཙོག་མང་ཤོས་༡༠་ནང་ཚུད་ཡོད་འདུག དཀྱིལ་ཤར་རྒྱལ་ཁབ་ཁག་གི་གྲོང་ཁྱེར་རེ་རེའི་མཁའ་རླུང་འབགས་བཙོག་ནི་རྒྱལ་སྤྱི་འཕྲོད་བསྟེན་ཚོགས་པའི་ལོ་རེའི་འཕྲོད་བསྟེན་སྙན་ཐོ་བཏོན་པའི་ནང་འཕྲོད་བསྟེན་ལ་གནོད་པའི་འབགས་བཙོག་ཚད་ཆེ་ཤོས་ཡིན་པ་བཀོད་འདུག

འཛམ་གླིང་ནང་མཁའ་རླུང་འབགས་བཙོག་ཆེ་བའི་གྲོང་འཁྱེར་༣༠་ནང་ནས་རྒྱ་གར་ནང་དུ་༢༢་ཡོད་པ་དང་། དང་པོ་དེ་ནི་རྒྱ་གར་གྱི་ཧ་རི་ཡ་ན་མངའ་སྡེའི་གྲོང་འཁྱེར་གྷོ་རོ་གྷམ(Gurugram) དང་། གཉིས་པ་རྒྱ་གར་ཨོ་ཏིར་མངའ་སྡེའི་གྲོང་ཁྱེར་གྷ་ཛི་བྷ་ཌི(Ghaziabad)། དྲུག་པ་རྒྱ་གར་ཨོ་ཏིར་མངའ་སྡེའི་གྲོང་འཁྱེར་ཎོ་ཌ་(Noida)་དང་བཅུ་གཅིག་པ་དེ་རྒྱ་གར་རྒྱལ་ས་ལྡི་ལི་(Delhi) སོགས་ཡིན་པར་བརྗོད་འདུག