18
Thu, Apr

ཨ་རི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཚོགས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༢ཚེས་༡༤ཉིན་སྤེལ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་གིས་གཟུགས་མཐོང་བརྙན་འཕྲིན་རྒྱུད་ནས་ཨ་རིར་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། སྲིད་སྐྱོང་མཆོག་མཛད་སྒོ་ཐོག་དངོས་སུ་ཕེབས་ནས་ཨ་རིར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པའི་འབོད་སྐུལ་ཤུགས་ཆེན་གནང་འདུག

དེ་ཡང་། ཟླ་༢ཚེས་༡༢ཉིན་ཨ་རིའི་གཞུང་མང་གཉིས་ཀྱིས་ད་བར་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་དང་གནང་མུས་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་ཆ་ཤས་སུ་ཨ་རི་སྐུ་ཚབ་དོན་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།རྒྱལ་སའི་མངའ་ཁུལ་ས་གནས་བོད་རིགས་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་མཛད་སྒོ་གཟབ་རྒྱས་ཤིག་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་(Nancy Pelosi) མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་གཅིག་མཛད་སྒོར་མཉམ་ཞུགས་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ས་གནས་སྤྱི་འཐུས་རྣམ་གཉིས་དང་། ཚོགས་སྐྱིད་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་འདུག

༸གོང་ས་མཆོག་གིས་བརྙན་ཐུང་རྒྱུད་ནས་གསུང་དོན། ཨ་རི་ཡིས་བོད་ལ་དཀའ་ངལ་འཕྲད་བཞིན་པའི་སྐབས་སུ་ནས་རོགས་རམ་བྱས་ཡོད་པ་དང་། ༡༩༥༠་ཡི་ནང་ཨ་རི་ཡིས་བོད་པའི་གནས་ཚུལ་དེ་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུས་པ་རེད། བྱས་ཙམ། ཨ་མེ་རི་ཀ་མགོ་སྟོད་ནས་བོད་པར་དམིགས་བསལ་གྱི་ཤ་ཚ་དང་བདེན་པའི་བདེན་སྐྱོབ་བྱས་ཡོད་རེད། ངོས་ལ་མཚོན་ན་ཡང་། ༡༩༤༢་ཙམ་ལ་ཨ་རིའི་སྲིད་འཛིན་ཧྥི་རན་ལིན་ཌེ་རོ་སེ་བེལ་ཁྲི་(Franklin D. Roosevelt) ཡིས་གྱིས་ཕྱག་ཡིག་ཞིག་དང་ཁོང་གི་པར། དངུལ་བཟོས་པའི་གྲུ་གཟིགས་ཞིག་དང་ཆུ་ཚོད་ཞིག་སྐུར་འདུག ཆུ་ཚོད་དེ་ད་བར་ངོས་ཀྱིས་ཉར་ཡོད་གསུངས་ནས་ཁོང་གིས་སེར་མདོག་ཅན་གྱི་ཆུ་ཚོད་ཞིག་ལྟོན་གནང་མཛད། དེ་རྗེས། ཨ་རིེར་ཕེབས་སྐབས།ལྕམ་སྐུ་པེ་ལོ་སི་(Nancy Pelosi)་དང་ཆུ་ཚོད་དེའི་ཐོག་ལ་བཀའ་མོལ་བྱུང་ཡོད་པའི་སྐོར་དང་།

དེ་ནས་ངོས་རིམ་བཞིན་ཨ་རིར་ཐེངས་མང་པོ་ཕེབས་པའི་གོ་སྐབས་བྱུང་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཚོར་ཐུགས་འཕྲད་གནང་ཡོད་པ་དང་། ལྷག་པར་དུ། སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་མཇལའཕྲད་གནང་སྐབས། ཁོང་གིས་དེ་སྔོན་སྲིད་འཛིན་ཧྥི་རན་ལིན་ཌེ་རོ་སེ་བེལ་ཁྲི་(Franklin D. Roosevelt) ཡིས་སྐུར་བའི་འཕྲིན་ཡིག་གི་ངོས་བཤུས་དེ་གནང་སོང་། དེ་དག་ནི་བོད་དང་ཨ་རི་གཉིས་བར་ལོ་བཅུ་ཕྲག་ཁ་ཤས་རིང་འབྲེལ་བ་ཡོད་པའི་དཔང་རྟགས་ཡིན་པ་རེད་བཅས་དང་། ང་ཚོ་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་དང་ཨ་རིའི་སྲིད་འཛིན་སྔ་ཕྱི་བར་གསུམ་དུ་བོད་ལ་ཤ་ཚ་དང་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད། དེར་བརྟེན། འདས་པའི་ལོ་རྒྱུས་དྲན་པའི་ཐོག་ནས་འདས་གྲོངས་ཕྱིན་པའི་ཨ་རིའི་རྒན་རབས་པ་ཚོས་དཀའ་ལས་རྒྱག་པར་བརྟེན་ནས་ད་དུང་ཡང་ཤུགས་དེ་བསྡད་ཡོད། བོད་རྒྱ་ཆེ་མི་མང་གིས་བོད་ལ་ཤ་ཞེན་དང་རྒྱབ་སྐྱོར་གནང་མཁན་ཚོའི་དཀའ་དྲིན་ནམ་ཡང་བརྗེད་ཀྱི་མ་རེད།ངོས་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་གསུངས་འདུག

དེའི་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་པེ་ལོ་སི་(Nancy Pelosi) མཆོག་གིས་གསུང་བཤད་གནང་སྐབས། ཨ་རིའི་གཞུང་མང་གཉིས་ཀྱིས་བོད་མི་དང་བོད་དོན་ཐོག་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་དང་། འཛམ་གླིང་རང་དབང་ལྡན་པའི་མི་མང་ཚོས་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་མ་ཐུབ་ཚེ་འཛམ་གླིང་ས་ཕྱོགས་གཞན་དང་གཞན་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པར་གདོང་ལེན་བྱ་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་རང་བཞིན་གྱིས་མེད་པ་ཆགས་འགྲོ་ཡིས་ཡོད་པ་དང་། ལྕམ་སྐུ་མཆོག་གིས་མུ་མཐུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་གནང་ཕྱོགས་ལའང་བསྟོད་བསྔགས་རྒྱ་ཆེ་གནང་བ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཐུགས་སྤོབས་མཛད་བཞིན་ཡོད་སྐོར་སོགས་གསུངས་འདུག

མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་མཁན་པོ་བསམ་གྲུབ་ལགས་ཀྱིས་སྨོན་ལམ་གསུང་འགུལ་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར། དེ་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཚོན་རྟགས་སོགས་ཕུལ་འདུག སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སྐབས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་གི་སྲིད་གཞུང་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་ཡོང་བ་དང་། དེ་སྔ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཡོད་ཀྱང་། ཕྱི་ལོ་༢༠༡༧ནས་བཟུང་ད་བར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་བསྐོ་གནང་མེད་པ་དང་། ཨ་རིའི་གཞུང་མང་གཉིས་ཀྱིས་དུས་རྟག་ཏུ་བོད་མི་དང་བོད་དོན་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེན་གནང་དང་གནང་མུས་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་གསུང་པ་དང་། བོད་དོན་བདེན་མཐའ་མགྱོགས་མྱུར་གསལ་རྒྱུའི་རེ་བ་ཡོད་སྐོར་སོགས་གསུངས།

ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern) མཆོག་དང་།གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ལི་ནོར་ཧོལྨ་སོ་ནོར་ཊོན་(Eleanor Holmes Norton) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་བྷེ་ཊི་མེ་ཀ་ལམ་(Betty McCollum)མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཊོམ་སའོ་ཛི་(Tom Suozzi) མཆོག་སོགས་ཕེབས་ནས་གསུང་བཤད་གནང་འདུགདེ་བཞིན་ཨ་རིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སེམ་བྷ་རའོན་བྷེག་(Sam Brownback)མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་(MatteoMecacci) མཆོགཨ་རིའི་རྒྱལ་ཡོངས་མང་གཙོ་གོང་སྤེལ་ཚན་པའི་ཚོགས་གཙོ་སྐུ་ཞབས་ཀལ་གྷི་རིཤི་མན་(Carl Gershman) མཆོག་སོགས་ཀྱིས་གཙོས་མཁས་དབང་། ཤེས་ལྡན་མི་སྣ་རྣམས་ཀྱང་ཕེབས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས།