23
Wed, Jan
33 New Articles

ཁྲོམ་གྱིས་རྩིག་གྱང་རྒྱག་ཆེད་ཨ་རིའི་རྒྱལ་ཡོངས་ལ་ཛ་དྲག་གི་གསལ་བསྒྲགས་སྤེལ་སྲིད་པར་བརྗོད་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༡ཚེས་༦ཉིན། ཝ་ཤིན་ཊོན་དུ་ཨ་རིའི་སྲིད་འཛིན་ཁྲོམ་ཕུ་ཡིས་རྒྱལ་མཚམས་སུ་རྩིག་གྱང་རྒྱག་ཆེད་ཨ་རིའི་རྒྱལ་ཡོངས་ལ་དངུལ་སྒོར་བསྡུ་རུབ་ཀྱི་ཛ་དྲག་གསལ་བསྒྲགས་འཕྲལ་དུ་གཏོང་སྲིད་པ་རེད་ཅེས་བརྗོད་འདུག

ཁྲོམ་ཕུ་ཡིས་ཨ་རི་དང་མེ་སི་ཁོ་བར་དུ་རྩིག་གྱང་ཆེན་པོ་ཞིག་རྒྱག་ཆེད་བློས་བཏང་ཅི་བྱ་དགོས་རུང་བྱ་རྒྱུ་ཡིན་པའི་སྐོར་བརྗོད་དོན། ངས་ཨ་རིའི་རྒྱལ་ཡོངས་ལ་ཛ་དྲག་གནས་སྟངས་ཀྱི་གསལ་བསྒྲགས་གཏོང་སྲིད་པ་རེད། དེ་ནི་བདུན་ཕྲག་རྗེས་མའི་རིང་ལ་ཨ་རིའི་ནང་གནས་སྟངས་ག་འདྲ་བྱུང་མིན་ལ་རག་ལས་པ་ཞིག་རེད་ཅེས་བརྗོད་འདུག

ཨ་རི་ཕོ་བྲང་དཀར་པོ་ལས་མི་ཞིག་གིས་བརྗོད་དོན། ཁྲོམ་ཕུ་ཡིས་རྒྱལ་ཡོངས་ལ་ཛ་དྲག་གསལ་བསྒྲགས་བཏང་ནས་དམག་མིའི་འགྲོ་སོང་རྣམས་ས་མཚམས་སུ་རྩིག་གྱང་རྒྱག་རྒྱུར་བེད་སྤྱོད་གཏོང་འདོད་ཡོད་འདུག་ཟེར། སྲིད་འཛིན་ཁྲོམ་ཕུ་ཡིས་གྲོས་ཚོགས་ལ་ས་མཚམས་སུ་རྩིག་གྱང་རྒྱག་རྒྱུའི་ཆེད་དུ་དངུལ་སྒོར་འདང་ངེས་ཤིག་དགོས་པའི་འབོད་སྐུལ་ཞུ་ཡོད་པ་དང་། ཁོང་མང་གཙོ་ཚོགས་པ་དང་མཉམ་དུ་དཀའ་རྙོག་བྱུང་ནས་ལས་ཁུངས་་མང་པོ་སྒོ་རྒྱག་དགོས་པ་བྱུང་ཡོད་འདུག

གསལ་བསྒྲགས་ཀྱི་ས་མིག