23
Wed, Jan
33 New Articles

༢༠༡༨ལོའི་ཟླ་༡༢་ཚེས་༢༧ཉིན་༧གོང་ས་མཆོག་འཛམ་གླིང་ནང་ཆེས་དགའ་མོས་ཆེ་ཤོས་བྱེད་པའི་སྐྱེས་བུ་རྩེ་ཕུད་༡༠་ནང་བདམས་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

 

༢༠༡༨ལོའི་ཟླ་༡༢ཚེས་༢༧ཉིན།ཨ་རིའི་མི་རྣམས་ཀྱིས་འོས་ཤོག་བླུགས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནས་ཆེས་དགའ་མོས་བྱེད་སའི་སྐྱེས་བུ་རྩེ་ཕུད་བརྒྱད་པ་དེར་བདམས་ཡོད་པ་དང་། ཨ་རི་མི་མང་ནས་ཆེས་དགའ་མོས་བྱེད་པའི་བུད་མེད་ཨང་དང་པོ་ནི།མེ་ཤ་ལི་ཨོ་བྷ་མ་དང་གཉིས་པ་ཨོ་པི་ར་ཝ་ཧྥི་རེ།གསུམ་པ་ཧེ་ལི་ཁི་ལི་ཁྲོན་བཅས་དང་། ཆེས་དགའ་མོས་བྱེད་སའི་སྐྱེས་བུ་ཨང་དང་པོ་དེ་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་ཡིན་པ་དང་། གཉིས་པ་ནི་ད་ལྟའི་ཨ་རིའི་སྲིད་འཛིན་ཁྲིམ་ཕུད།གསུམ་པ་ཇོ་ཆི་བྷོ་ཤི་བཅས་ཡིན་འདུག

དེ་ཡང་། ཨ་རི་མི་མང་ཡོངས་ལ་འཛམ་གླིང་ནང་རང་ཉིད་ཀྱིས་ཆེས་དགའ་མོས་བྱེད་སའི་སྐྱེས་པ་དང་བུད་མེད་རྣམས་ལ་འོས་ཤོག་འཕེན་པའིོ་ལས་འགུལ་འདི་ནི། ཨ་རིར་རྟེན་གཞིར་བྱས་པའི་གྷ་ལུ་ཕུ་ཚོགས་པས་བརྩམས་གནང་བ་ཞིག་ཡིན་ཞིང་། ཚོགས་པ་དེ་ནི་ཕྱི་ལོ་༡༩༣༥་ལོར། སྐུ་ཞབས་ཇོ་ཆི་གྷ་ལུ་ཕུ་ཡིས་བཙུགས་པ་ཞིག་ཡིན་ལ། དེར་ཨ་རིའི་ལམ་སྟོན་འཛིན་སྐྱོང་ཚོགས་པའང་ཟེར་གྱི་ཡོད་ཅིང་། དེ་ནི་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་སའི་ཚོགས་པ་ཞིག་ཆགས་འདུག

ཚོགས་པ་དེས་རྒྱལ་ཁབ་མང་པོའི་ཚོགས་པ་མང་པོ་ཞིག་ལ་ཉམས་ཞིབ་ཐབས་ཇུས་དང་ལམ་སྟོན་གནང་གི་ཡོད་པ་རེད་འདུག འདི་ལོའི་གྷ་ལུ་ཕུ་ཚོགས་པའི་ལོ་འཁོར་དཔྱད་ཞིབ་དེ་ཟླ་འདིའི་ཚེས་༣་ནས་༡༢་བར་དུ་བྱས་ཡོད་འདུག སྐབས་དེར་ཨ་རི་མི་མང་ཡོངས་ལ་འཛམ་གླིང་ནང་རང་ཉིད་ཀྱིས་ཆེས་དགའ་མོས་བྱེད་སའི་སྐྱེས་པ་དང་བུད་མེད་རྣམས་ལ་འོས་ཤོག་འཕེན་དུ་བཅུག་འདུག

དེ་ནས་ཨ་རི་མི་མང་ནས་ཆེས་དགའ་མོས་བྱེད་སའི་བུད་མེད་ཨང་དང་པོ་ནི།མེ་ཤ་ལི་ཨོ་བྷ་མ།(Michelle Obama) གཉིས་པ།ཨོ་པི་ར་ཝ་ཧྥི་རེ།(Oprah Winfrey) གསུམ་པ།ཧེ་ལི་ཁི་ལི་ཁྲོན།( Hillary Clinton) མེ་ལ་ཎེ་ཡ་ཁྲིམ་ཕུ།( Melania Trump) བཞི་པ།རྒྱལ་མོ་ཡེ་ལི་ཛད་བྷད་ཐི།( Queen Elizabeth) ལྔ་པ།ཨང་ཇི་ལི་མད་ཁི།(Angela Merkel) དྲུག་པ།རོ་ཐི་བྷ་དི་གྷེ་སུ་བྷ་ཁི།( Ruth Bader Ginsburg) བདུན་པ།ཨེ་ལན་དི་ཇོ་ཎེ་རེས། (Ellen DeGeneres) བརྒྱད་པ།ཎེ་ཀེ་ཧན་ལན།(Nikki Haley) དགུ་པ།མ་ལ་ལ།(Malala) བཅུ་པ།ཎེ་སི་པེ་ལོ་སེ།(Nancy Pelosi) བཅས་ཡིན་འདུག

དེའི་རྗེས་ཨ་རི་མི་མང་ནས་ཆེས་དགའ་མོས་བྱེད་པའི་སྐྱེས་བུ་ཨང་དང་པོ་དེ་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ(Obama)་ཡིན་པ་དང་།གཉིས་པ།ད་ལྟར་ཨ་རིའི་སྲིད་འཛིན་སྒྲོ་ཎོ་ཁྲིམ་ཕུད(Donald Trump)།གསུམ་པ།ཇོ་ཆི་བྷོ་ཤི།(George W. Bush ) བཞི་པ།ཡི་ཤུའི་ཆོས་དཔོན་ཧྥི་རན་སི་སུ(།Pope Francis) ལྔ་པ།བྷི་ལི་གྷེ་ཚི།( Bill Gates) དྲུག་པ།བྷེ་ཎེ་སན་དི་སུ།(Bernie Sanders) བདུན་པ།ཨ་རི་སྲིད་འཛིན་ཟུར་པ་བྷི་ལི་ཁི་ལི་ཁྲོན།(Bill Clinton) བརྒྱད་པ།༸གོང་ས་མཆོགདགུ་པ།སྲིད་འཛིན་ཟུར་པ་ཇོ་བྷི་དན།( Joe Biden ) བཅུ་པ།ཡི་ལོན་མ་སི་ཁི།(Elon Musk) བཅས་ཡིན་འདུག

 

གསལ་བསྒྲགས་ཀྱི་ས་མིག