16
Tue, Apr

༢༠༡༨ལོར་ཉི་ཧོང་ནང་མི་འབོར་ཉམས་རྒུད་ཀྱི་ཚད་མཐོ་ཤོས་བྱུང་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༢ཚེས་༢༥ཉིན་སྤེལ། ཉི་ཧོང་ནང་ཕྱི་ལོ་༡༨༩༩ནས་བཟུང་མི་གྲངས་བརྩི་བཤེར་བྱས་པར་གཞིར་བཟུང་ན། ༢༠༡༨ལོ་ནི་བྱིས་པའི་སྐྱེས་གྲངས་ཉུང་ཤོས་དེ་ཆགས་ཡོད་འདུག

དེ་ཡང་གཞུང་གིས་མི་འབོར་རོབ་རྩིས་བྱས་པ་ལྟར་ན། ༢༠༡༨ལོའི་ནང་བྱིས་པ་གྲངས་༩༢༡༠༠༠ཙམ་ལས་སྐྱེས་མེད་པ་དང་། བྱིས་པའི་སྐྱེས་ཚད་དེ་༢༠༡༧ལོ་ནས་བྱིས་པའི་གྲངས་༢༥༠༠༠ཡིས་ཉུང་དུ་ཕྱིན་ཡོད་པ་བརྗོད་འདུག

ལོ་འདིར་འདས་གྲོངས་སུ་ཕྱིན་པའི་མི་འབོར་ནི་ལོ་རྒྱུས་ཐོག་ཆེས་མང་ཤོས་དེ་ཡིན་འདུག

ཉི་ཧོང་ནི་ལོ་རྒས་ཀྱི་མི་འབོར་ཚད་མཐོར་སླེབས་ཡོད་པའི་རྒྱབ་ཁབ་ཅིག་ཡིན་པ་དང་། མི་འབོར་གྱི་བརྒྱ་ཆའི་ཉི་ཤུ་ལྷག་ནི་ལོ་ན་༦༥ལ་སོན་ཡོད་པའི་མི་རྒན་པ་ཡིན་འདུག ༢༠༡༨ལོར། ཉི་ཧོང་གི་མི་འབོར་ནི་ས་ཡ་༡༢༤་ཡིན་འདུག ཡིན་ན་ཡང་། མ་འོངས་༢༠༦༥ལོར། ཉི་ཧོང་གི་མི་འབོར་ནི་ས་ཡ་༨༨་དུ་མར་ཆག་པའི་ཚོད་དཔག་བྱེད་ཀྱིན་འདུག

དེ་ལྟར་ཡང་། ཉི་ཧོང་གི་སྲིད་བློན་ཤིན་ཟོ་ཨ་བྷེ་ཡིས་མི་འབོར་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་ལ་སྔོན་འགོག་བྱས་ཏེ། ཕྱི་ལོ་༢༠༦༠བར་དུ་ཉི་ཧོང་གི་མི་འབོར་ས་ཡ་༡༠༠་ལས་ཉུང་དུ་མི་འགྲོ་བར་བྱེད་རྩིས་འདུག

༢༠༡༧ལོར། ཉི་ཧོང་གཞུང་གིས་ཨ་སྒོར་ཐེར་འབུམ་༡༨སྔོན་འགྲོའི་སློབ་གྲྭར་འགྲོ་སོང་གཏོང་བའི་གསལ་བསྒྲགས་སྤེལ་ཡོད། དེ་ཡང་བྱིས་པ་ལོ་གསུམ་ནས་ལྔ་བར་སློབ་སྦྱོང་རིན་མེད་དང་། ཉམས་ཐག་ནང་མི་ནས་ཡིན་པའི་བྱིས་པ་ལོ་གཉིས་ལས་རྒལ་བ་དང་གཉིས་ལས་ཆུང་བ་རྣམས་ལ་མཐུན་སྦྱོར་རོགས་རམ་གནང་འདུག