18
Thu, Apr

སྲིད་འཛིན་ཊྲོམ་དང་གསར་འགྱུར་བརྒྱུད་ལམ་བར་གྱི་འབྲེལ་བ། པར། ཕཱལ་ཝ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༨ཚེས་༡༦ཉིན། གསར་ཁང་༣༠༠ལྷག་གིས་གསར་འགོད་རང་དབང་སྲུང་སྐྱོབ་བྱེད་ཆེད། ཨ་རི་སྲིད་འཛིན་གྱིས་དེ་སྔོན་གསར་ཁང་ནི་མི་མང་གི་དགྲ་བོ་རེད་ཅེས་བརྗོད་ཡོད་པ་དེར་ལན་འདེབས་བྱེད་པའི་དམ་བཅའ་བཞག་འདུག

དེ་ཡང་། སྲིད་འཛིན་ཊྲོམ་ཡིས་ཨ་རིའི་གསར་འགོད་བརྒྱུད་ལམ་ལ་སྐྱོན་བརྗོད་གནང་བ་དེར་ངོ་རྒོལ་བྱེད་ཆེད། རྒྱལ་སྤྱི་བྟོ་སུའུ་ཊོན་(Boston Globe)གསར་ཁང་གིས་༼རྩོམ་སྒྲིག་པའི་ཕུལ་བ༽ཞེས་པའི་ལས་འགུལ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། ལས་འགུལ་དེའི་ནང་དུ་ནིའུ་ཡོག་དུས་བབ་གསར་ཁང་གཙོ་པའི་གསར་ཁང་གཞན་མང་པོ་ཞིག་མཉམ་ཞུགས་གནང་འདུག་ཅིང་། དེའི་ནང་སྲིད་འཛིན་ཊྲོམ་ལ་༢༠༡༦ལོའི་ནང་འོས་ཤོག་ཐོབ་པའི་མངའ་སྡེ་ཡང་ཡོད་འདུག

རྒྱལ་སྤྱི་ བྟོ་སུའུ་ཊོན་ (Boston Globe)་རྩོམ་སྒྲིག་ལྷན་ཚོགས་གིས་སྲིད་འཛིན་ཊྲོམ གསར་འགོད་རང་དབང་ལ་རྒོལ་རྡུང་བཏང་བར་སྐྱོན་བརྗོད་བྱས་ཏེ་དྲ་ཐོག་ཏུ་འདི་ལྟར་སྤེལ་དོན།

ཨ་རིའི་གཟི་བརྗིད་ནི་གསར་འགོད་རང་དབང་དང་དྲང་བདེན་གྱི་སྟོབས་ཤུགས་ལ་བརྟེན་ཡོད། གསར་འགོད་བརྒྱུད་ལམ་ནི་མི་མང་གི་དགྲ་བོ་རེད་ཟེར་བ་དེ་ནི། ཨ་རི་བ་ཞིག་མིན་པའི་བཤད་སྟངས་ཤིག་དང་ཉེན་ཁ་ཅན་ཞིག་རེད། གསར་འགོད་བརྒྱུད་ལམ་ནི་དུས་རབས་གཉིས་ལྷག་གི་རིང་ལ་ང་ཚོ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན།

སྲིད་འཛིན་ཁྲོམ་ཕུས་གསར་འགོད་བརྒྱུད་ལམ་ནི་ཕྱོགས་འགལ་ཀྱི་སྲིད་དོན་ཚོགས་པ་ཞིག་དུ་ངོས་འཛིན་བྱས་ཏེ་རྟག་ཏུ་གསར་འགྱུར་རྫུན་མ་སྤེལ་ས་ཞིག་རེད་ཅེས་ལབ་རྐྱང་གནང་གི་ཡོད། ཅེས་གསལ་འདུག

དེར་བརྟེན། གསར་ཁང་༣༥༠་ཙམ་གྱིས་གསར་འགོད་རང་དབང་སྲུང་སྐྱོབ་བྱེད་པའི་ཆེད་དུ་སྲིད་འཛིན་ཊྲོམ་ལ་རྒོལ་ལན་གསར་འགྱུར་སྤེལ་འཆར་ཡོད་འདུག