23
Tue, Apr

ལྷ་ལྡན་གཙུག་ལག་ཁང་ཡོད་སར་མེ་སྐྱོན་ཤོར་བའི་རྣམ་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༢།༢༧ ཉིན་སྤེལ། (sundayguardianlive) དྲ་བས་གནས་ཚུལ་སྤེལ་བར་གཞིགས་ན། བདུན་སྔོན་མའི་ནང་བོད་ཀྱི་བྱིན་ཅན་ལྷ་ཁང་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་སྐབས་པེ་ཅིང་སྲིད་གཞུང་གིས་གཅིག་མཚུངས་ཀྱི་ཆབ་སྲིད་གཡོ་ཇུས་འཁྲབ་ཡོད་པ་རེད་ཅེས་འཁོད་གནང་འདུག

དེ་ཡང་ཕྱི་ཚེས་ ༢༥ ཉིན། གོང་འཁོད་དྲ་བར་ཇོ་ཁང་ལ་མེ་སྐྱོན་ཤོར་བའི་གནས་ཚུལ་དང་འབྲེལ་སྤེལ་དོན། རྒྱ་ནག་གི་གྷ་སི་ཐྲ་བྷོ(Gestapo)(རྗར་མན་ནཱ་ཛིའི་སྐབས་ཀྱི་སྲིད་ཀྱི་དབང་བསྒྱུར་ཐབས་ལམ་ཞིག་ཡིན་པ་རེད།)ཟེར་བའི་ཐུན་མོང་མ་ཡིན་པའི་དྲ་རྒྱའི་འཕྲུལ་ཆས་ཤིག་བཀོད་དེ་གཡོ་ཇུས་ཀྱིས་དྲ་ལམ་ཁག་ཏུ་བོད་ཀྱི་མཇལ་སྐོར་བ་དང་རྒྱ་མིའི་ལྟ་སྐོར་བ་ཚོས་མེ་སྐྱོན་གནས་ཚུལ་སྤེལ་བ་གཅིག་ཀྱང་མ་ལྷག་པར་ནག་བསུབ་བཏང་ཡོད་པ་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ལ་དོ་སྣང་མི་ཡོང་ཆེད་རྒྱ་ནག་གཞུང་གིས་ཇོ་ཁང་ལ་མེ་སྐྱོན་ཤོར་བ་དེ་མ་ཐག་ཆུ་ཚོད་ཁ་ཤས་ནང་དེའི་སྐོར་གྱི་གནས་ཚུལ་གཏན་འགོག་ཐུབ་ཡོད་པ་རེད།  ཅེས་དང་།

དེ་མིན། ཕྱི་ལོ་ ༡༩༥༠ ལོ་ནས་མའོ་ཙེ་ཏུང་གི་བཅིངས་གྲོལ་དམག་གིས་བོད་ལ་བཙན་འཛུལ་བྱས་ཤིང་། ཕྱི་ལོ་ ༡༩༥༡ ལོ་ནས་པེ་ཅིང་གིས་སྲིད་གཞུང་ཧི་མ་ལ་ཡའི་རྒྱལ་ཁབ་ཆུང་ཆུང་དེ་དབང་བསྒྱུར་བྱེད་འགོ་བཙུགས་པ་ནས་བཟུང་། བོད་དོན་སྐོར་རྒྱལ་སྤྱིའི་སྟེང་ཡོངས་ཁྱབ་དུ་གྱུར་བཞིན་པ་དང་བསྟུན་རྒྱ་ནག་གིས་བོད་ཀྱི་གནད་དོན་ལ་དམ་དྲགས་བྱེད་རྒྱུ་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད། དོན་དངོས་སུ་རྒྱ་ནག་གཞུང་གིས་བཙན་བྱོལ་གཞུང་དང་ཏཱ་ལའི་བླ་མར་སྐྱོན་བརྗོད་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཚོའི་ལས་འགུལ་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད། དེ་ནི་ཁོ་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཆབ་སྲིད་ཀྱི་གཡོ་ཇུས་འཐེན་བཞིན་པ་དང་། བདུན་སྔོན་མའི་ནང་བོད་ཀྱི་བྱིན་ཅན་ལྷ་ཁང་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་སྐབས་པེ་ཅིང་སྲིད་གཞུང་གིས་གཅིག་མཚུངས་ཀྱི་ཆབ་སྲིད་གཡོ་ཇུས་འཁྲབ་ཡོད་པ་རེད། ཅེས་དང་།

གཞན་ཡང་། དུད་ནག་དང་རླུང་འཚུབ་རིང་པོ་དེའི་རྗེས་སུ་ལོ་ངོ་ ༡༣༠༠  ལོ་རྒྱུས་ལྡན་པའི་ནང་བསྟན་ཆོས་ལུགས་ཀྱི་ལྷ་ཁང་ངམ་ཇོ་ཁང་དེ་རྩོད་རྙོག་ཅན་ཞིག་ཏུ་གྱུར་ཡོད་ལ། གནད་དོན་དེས་ཇོ་ཁང་མེ་སྐྱོན་དེ་གནོད་ཚབ་ག་ཚོད་ཡོད་པ་བདེན་དཔང་བྱེད་ཀྱི་ཡོད་པར་འཁོད་ཡོིད་པ་བཅས།།

མ་རྩོམ་གྱི་འབྲེལ་ཐག