16
Tue, Apr

སྤྱི་ནོར༧གོ་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་སྲིན་འཛིན་གསར་པ་ལ་འཚམས་འདྲི་གནང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཁ་སང་ཕྱི་ཚེས་༢༠ ཉིན་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་གསར་པ་སེ་རལ་རྭ་མ་ཧྥོ་ས་ལ་ (Cyril Ramaphosa)ལགས་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པར་བོད་ཀྱི་དབུ་འཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འཛིན་མཆོག་ལ་འཚམ་འཕྲིན་བཏང་གནང་འདུག

༧གོང་ས་མཆོག་གི་འཚམ་འཕྲིན་ནང་། ངའི་རེ་བར་ཁྱེད་རང་གི་དབུ་འཁྲིད་པའི་འོག་ནས་ལྷོ་ཨ་ཧྥི་རི་ཀ་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་བ་དང་།  དམིགས་བསལ་སྤྱི་ཚོགས་ཁྲོིད་ཀྱི་ཁེ་དབང་ཉུང་བའི་སྡེ་ཁག་ཡར་རྒྱས་གཏོང་ནས། སྐུ་ཉིད་ཀྱི་རྒྱལ་འབངས་རྣམས་ལ་རེ་བ་དང་ཉམས་དགའ་བའི་རིང་ལུགས་དག་རྒྱ་བསྐྱེད་བྱེད་རྒྱུ་ཡང་གལ་ཆེན་པོ་རེད། ཅེས་དང་།

ཡང་ཁོང་ཉིད་ཀྱིས་ལྷོ་ཨ་ཕི་རི་ཀས་ཞི་བའི་ངང་ནས་སྟོབས་ཤུགས་བསྐྱེད་ཐུབ་པ་དེ་ནི་ཡུལ་དེར་དམངས་གཙོ་གཏིང་ཚུག་པ་ཞིག་བྱུང་ཡོད་པའི་མངོན་རྟགས་རེད་ལ། སྲིད་འཛིན་དམ་པ་ནྰ་སིན་མཱ་ཌྰ་ལ (Nelson Mandela)་མཆོག་གི་དབུ་འཁྲིད་དང་ལྷོ་ཨ་ཕི་རི་ཀའི་མི་མང་གི་འབད་བརྩོན་ཆེན་པོས་ཞི་བདེ་གསོ་སྐྱོང་དང་། མང་གཙོ་དང་འདྲ་མཉམ་གྱི་བདེན་པའི་བླ་སྲོག་ཅིག་བསྐྱར་བསྐྲུན་ཐུབ་ཡོད་པ་རེད། ཅེས་འཁོད་ཡོད་འདུག

 མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེས་སྲིད་འཛིན་རཱ་མ་ཧྥོ་ས་(Ramaphosa)མཆོག་ལ་དཀའ་ངལ་གང་ཞིག་ལ་ཐུགས་ན་ཡང་གདོང་ལེན་བྱ་ཐུབ་པ་བྱས་ཏེ་སྔར་ལས་ལེགས་འགྲུབ་དང་ལྷོ་ཨ་ཕི་རི་ཀིའི་མི་མང་གི་མངོན་འདོད་དང་རེ་བ་འགྲུབ་ཐུབ་པའི་སྨོན་མདུན་ཞུ་བ་ཡིན། ཞེས་གསུངས་འདུག

སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཐེངས་གསུམ་ལ་ཕྱོགས་ཕེབས་གནང་ཡོད་པ་དང་། དེ་ཡང་ལྷོ་ཨ་ཕ་རི་ཀའི་རིག་གཞུང་སྲུང་སྐྱོབས་ཐེབས་རྩས་(ACHT )མགྲོན་འབོད་བྱས་པ་བཞིན་ཕྱི་ལོ་༡༩༩༦་དང་༡༩༩༩། ཕྱི་ལོ་༢༠༠༤ བཅས་ལ་ལྷོ་ཨ་ཕ་རི་ཀའི་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།