20
Sat, Jul

༧གོང་ས་མཆོག་བཞུགས་སྒར་གནམ་ཐང་དུ་ཞབས་སོར་འཁོད་གནང་མཛད་བཞིན་པ། པར་དབང་དབུས་བོད་མིའི་སྒྲིག་འཛུགས་ལ་ཡོད།

༧གོང་ས་མཆོག་གིས་བོད་རིགས་ཁ་ཆེའི་སློབ་ཕྲུག་དང་ཚོང་པ་སོགས་ལའང་མཇལ་ཁ་དང་བཀའ་སློབ་སྩལ་བ་སོགས་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་དུ་ྋཞབས་སོར་བདེ་བར་འཁོད་སོང༌།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག པར་དབང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

༢༠༡༧ལོའི་ཟླ་༡༡ཚེས་༡༦ཉིན་སྤེལ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་ཆོས་དང་གསུང་བཤད།  བཀའ་སློབ།  བཅར་འདྲི་སོགས་ཅི་རིགས་ཕབ་བཤུས་དང༌།  ཕྱོགས་སྒྲིག།  དཔར་སྐྲུན་གནང་རྒྱུ་སོགས་ཀྱི་ཐད་བོད་མིའི་ཚོགས་སྡེ་སྒྲིག་འཛུགས་དང་སྐྱེ་བོ་སྒེར་ཡོངས་ལ་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བཀའ་ཤག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་ཐད་གསར་འགོད་གསལ་བསྒྲགས་གནང་བཞིན་པ། པར་པ་ཡེ་ཤེས་ཆོས་བཟང༌།

༢༠༡༧ལོའི་ཟླ་༡༡ཚེས་༩ཉིན་སྤེལ། ཕྱག་བྲིས་ཐེངས་གསུམ་གནང་རྗེས་ད་ཆ་ལམ་ནོར་ལྡོག་ཤེས་དགོས་ངེས་ཀྱང་དེ་ལྟར་རྩ་བ་ནས་མ་བྱུང་སྟབས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་འཕོ་འགྱུར་གཏང་རྒྱུར་བཀའ་ཤག་ནས་བཀའ་བསྡུར་རིམ་པ་གནང་མཐར་སྤྱི་མོས་ཐོག་ནས་ཐག་གཅོད་གནང་ཡོད་ཅེས་བཀའ་ཤག་ནས་འགྲེལ་བརྗོད་གནང་སོང༌།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག པར་པ་ཡེ་ཤེས་ཆོས་བཟང༌།

༢༠༡༧ལོའི་ཟླ་༡༡ཚེས་༨ཉིན་སྤེལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་འཛམ་གླིང་གི་རྒྱལ་ཁབ་ལྔའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པའི་གནས་ཚུལ་ཐོན་འདུག

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགན་འཛིན་ངག་དབང་རྒྱལ་ལགས་ནས་གསུང་བཤད་གནང་བཞིན་པ། པར་པ་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་ཡེ་ཤེས་ཆོས་བཟང༌།

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༡ རེས་གཟའ་སྤེན་པའི་ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ངང་ཚོགས་གནང་ཡོད།

དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གཏོང་ཕྱོགས་ཐད་གསལ་བཤད་ཞིབ་ཙམ་དགོས་ཚུལ་བསམ་ཚུལ་གང་མང་ཞིག་ཡོང་བཞིན་པར་དོན་ཚན་དགུ་ཅན་ཕྱིར་བསྒྲགས་གནང་འདུག

དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་བོད་མི་རྣམས་ལ་གསུང་བཤད་གནང་བཞིན་པ། པར་དབང་དབུས་བོད་མིའི་སྒྲིག་འཛུགས་ལ་ཡོད།

དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་བོད་མི་རྣམས་ལ་རེས་གཟའ་ཉི་མའི་ཉིན་གསུང་བཤད་གནང་སྐབས་སྲིད་སྐྱོང་མཆོག་གིས། ཕྱི་ལོ་༡༩༦༠རེ་གྲངས་སྐབས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ནང་ཁུལ་དམ་ཚིག་ཟོང་ཁ་ཆིག་སྒྲིལ་དགོས་གལ་བཀའ་སློབ་རབ་དང་རིམ་པ་སྩལ་ཡོད་པ་ལུང་འདྲེན་གྱིས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མ་བྱེད་རོགས། ཞེས་འབོད་སྐུལ་གནང་ཡོད་འདུག

གསལ་བསྒྲགས་ཀྱི་ས་མིག