19
Fri, Apr

༢༠༡༩ལོའི་ཟླ་༨་ཚེས་༡༣་ཉིན། རྒྱ་གར་ལྷོ་ཕྱོགས་སེ་ར་ཏྲེ་ཧོར་ཁམས་ཚན་དུ་དཔལ་ས་སྐྱའི་ཁྲི་འཛིན་ ༤༢ རནྷ་བཛྲ་རིན་པོ་ཆེ་དང་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་རིན་པོ་ཆེ་གཙོའི་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དང་མཁན་པོ་རྣམ་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་ ༢༠༡༩ ཟླ་ ༨ ཚེས་༡༣ ་དགོང་མོར། རྒྱ་གར་ལྷོ་ཕྱོགས་སེ་ར་ཏྲེ་ཧོར་ཁམས་ཚན་དུ་རྗེ་བླ་མ་བློ་བཟང་གྲགས་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ལོ་ངོ་ ༦༠༠ དང་། རྗེ་བྱམས་ཆེན་ཆོས་རྗེ་ཤཀྱཱ་ཡེ་ཤེས་མཆོག་གིས་སེ་ར་ཐེག་པ་ཆེན་པོ་ཕྱག་བཏབ་ནས་ལོ་ངོ་༦༠༠ དང་། སེ་ར་ཐེག་ཆེན་གླིང་སྦག་ས་ནས་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོ་བྱས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་དང་། བཅས་དུས་ཆེན་གསུམ་འཛོམས་ཀྱི་དུས་དྲན་སྲུང་བརྩི་ཞུ་ཆེད། སེར་བྱེས་ཏྲེ་ཧོར་ཁམས་ཚན་གྱིས་གོ་སྒྲིག་བྱས་པའི་ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་ཆེན་མོ་ཚོགས་སོང་།

དེ་ཡང་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱའི་ཁྲི་འཛིན་ ༤༢ རནྷ་བཛྲ་རིན་པོ་ཆེ་དང་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་རིན་པོ་ཆེ་གཙོའི་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དང་མཁན་པོ་རྣམ་པ། གཞན་ཡང་ས་གནས་གཞི་འགོ་གཙོའི་ཕྱི་ནང་གི་སྐུ་མགྲོན་མང་པོ་ཕེབས་ཡོད་པ་དང་། སྐུ་མགྲོན་གཙོའི་བོ་རྣམ་པས་བཀའ་སློབ་ཟབ་ཅིང་རྒྱ་ཆེན་གནང་བ་དང་།

སེར་ཏྲེ་ཁམས་ཚན་གྱི་དཔེ་ཁྲིད་དགེ་རྒན་རྣམ་པ་ལ་ཁམས་ཚན་འདི་ནང་རྟག་ཏུ་དཔེ་ཁྲིད་དགེ་རྒན་གནང་ནས་བསྟན་པ་རྒྱ་ཆེ་བསྐྱངས་ཡོད་པ་དང་། སློབ་གཉེར་བ་བརྒྱ་ཕྲག་མང་པོ་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བ་བཀའ་དྲིན་ཐུགས་རྗེའི་གཟེངས་བསྟོད་དཔལ་ས་སྐྱའི་ཁྲི་འཛིན་རནྷ་བཛྲ་རིན་པོ་ཆེ་དང་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་རིན་པོ་ཆེ་རྣམ་གཉིས་ཀྱིས་ཕྱག་ནས་ཕུལ་སོང་།

དཔལ་ས་སྐྱའི་ཁྲི་འཛིན་ ༤༢ རནྷ་བཛྲ་རིན་པོ་ཆེ་མཆོག་གིས་རྗེ་བླ་མ་བློ་བཟང་གྲགས་པའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་ལ་མངོན་པར་རྒྱ་ཆེན་བསྟོད་ཡོད་པ་དང་། འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ཀྱང་། ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་འདི་ལྟ་བུ་གནང་བར་བསྔགས་བརྗོད་གནང་སོང་། བགྲོ་གླེང་པ་སློབ་གཉེར་བ་རྩེ་ཕུད་ལྔ་ཡིས་བགྲོ་གླེང་ཧ་ཅང་ཟབ་རྒྱས་གནང་ཡོད་པ་དང་། དྲི་བ་གཏོང་མཁན་ཡང་སློབ་གཉེར་བའི་ཁྲོད་ནས་ཧ་ཅང་མང་བས་རྒྱལ་བ་རྒྱས་པའི་མཆོད་སྤྲིན་དུ་བཤམས་སོང་།

མཇུག་མཐར་སེར་བྱེས་ཏྲེ་ཧོར་ཁམས་ཚན་གྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བརྩི་ཞབས་རྒན་རིན་པོ་ཆེ་ལྷ་རམས་པ་བློ་བཟང་འཇམ་དབྱངས་མཆོག་གིས་ཐུགས་རྗེ་ཆེའི་ཞུ་བ་དང་བགྲོ་གླེང་རྒྱལ་ཁའི་ངང་གྲོལ་སོང་།

ལྷོ་ཕྱོགས། བྱམས་པས།