20
Sat, Jul

བོད་རང་བཙན་སློབ་ཕྲུག་ཚོགས་པས་ཧོང་ཀོང་ལ་གདུང་སེམས་མཉམ་སྐྱེད་བྱས་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༢༡་ཉིན། བཞུགས་སྒར་རྡ་ས་མག་ལོའི་སྤྱི་ཐང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཧོང་ཀོང་ནང་དུ་ཉེ་ཆར་བྱུང་བའི་ངོ་རྒོལ་བྱེད་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་པའི་ལས་འགུལ་ཞིག་སྤེལ་སོང་། དེ་ནི་རྒྱ་གཞུང་ལ་རྒོལ་ལེན་བྱེད་མཁན་ཧོང་ཀོང་ཁོ་ན་མིན་པར། བོད་མི་ཚོ་ཡང་ཧོང་ཀོང་མི་མང་དང་མཉམ་དུ་ཡོད་པ་མཚོན་ཆེད་ཡིན་པར་བརྗོད་སོང་།

དེ་ཡང་། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་དང་ལས་འགུལ་གྱི་འགོ་འཛིན་རྒྱལ་མཚན་ལགས་སོགས་ཀྱིས། ཧོང་ཀོང་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཀྱི་ལས་འགུལ་སྤེལ་བའི་ནང་། འཕྲེད་དར་ཐོག་བོད་ཧོང་ཀོང་དང་མཉམ་དུ་ཡོད། ཧོང་ཀོང་ནི་རྒྱ་ནག་མིན། རྒྱ་ནག་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་ཡོད། ཞེས་དང་། བོད་པའི་སློབ་ཕྲུག་ཁག་ཅིག་གིས་ང་ཧོང་ཀོང་མཉམ་དུ་ཡོད་ཅེས་པའི་འཕྲེད་དར་བཟུང་ཡོད་པ་དང་། གཞན་བོད་པ་དང་རྒྱ་གར་བ་སོགས་ཀྱི་ང་ཧོང་ཀོང་མཉམ་དུ་ཡོད་ཅེས་འཕྲེད་དར་བཟུང་ནས། ཧོང་ཀོང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཀྱི་ལས་འགུལ་ནང་དུ་མཉམ་ཞུགས་བྱས་སོང་།

དེ་ནས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགོ་འཛིན་རྒྱལ་མཚན་ལགས་ལ་ལས་འགུལ་འདི་སྤེལ་དགོས་དོན་སྐོར་དྲིས་པས། ཁོས་བརྗོད་དོན། ང་ཚོས་ཧོང་ཀོང་ལ་གདུང་སེམས་མཉམ་སྐྱེད་བྱེད་ཆེད་ལས་འགུལ་འདི་སྤེལ་བ་ཡིན། ཧོང་ཀོང་དང་བོད་གཉིས་གྲུ་གཟིངས་གཅིག་གི་ཐོག་ཏུ་ཡོད་རེད། གཉིས་ཀས་རྒྱ་གཞུང་ལ་འཐབ་རྩོད་བྱེད་ཀྱི་ཡོད་རེད། ང་ཚོས་ཁོ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་གལ་ཆེན་པོ་རེད། ཧོང་ཀོང་ནང་དུ་ཉི་གདུགས་སེར་པོའི་ལས་འགུལ་བྱུང་བ་ནས་བཟུང་། ང་ཚོས་ལས་འགུལ་དེའི་འགོ་ཁྲིད་མཁན་སློབ་ཕྲུག་ཚོ་དང་མཉམ་དུ་འབྲེལ་བ་བཙུགས་ཡོད་པ་དང་། ཁོ་ཚོ་ཡང་ང་ཚོའི་ནིག་ཡོག་གྲོང་ཁྱེར་གྱི་ཚོགས་འདུ་ནང་མཉམ་ཞུགས་བྱས་པ་རེད། ང་ཚོ་ཚང་མ་གྲོགས་པོ་ཡིན། དེ་འདྲ་སོང་ཙང་། ང་ཚོས་ཁོ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་གལ་ཆེན་ཆགས་ཡོད་། ཅེས་འགྲེལ་བརྗོད་གནང་སོང་།

གསལ་བསྒྲགས་ཀྱི་ས་མིག