18
Thu, Apr

ཨ་རིར་བཞུགས་པའི་རྒན་པོ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་ཨ་སྒོར་ཁྲི་དགུའི་ཞལ་འདེབས་གནང་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༡ཚེས་༡༨ཉིན་སྤེལ། ཨ་རི་ནིའུ་ཡོག་གྲོང་འཁྱེར་དུ་གནས་སྡོད་བྱེད་པའི་མི་ཉག་ཕ་བསྟན་འཛིན་དབང་རྒྱལ་ལགས་ཉེ་ཆར་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིར་ཕྱོགས་ཕེབས་མཇལ་བཅར་སྐབས། ཁོང་ནས་༸གོང་ས་མཆོག་གིས་རྒྱུན་དུ་རྒས་གཅོང་ཉམ་ཐག་རིགས་ལ་རོགས་ཕན་བྱེད་དགོས་ཞེས་བཀའ་སློབ་ཕེབས་དགོངས་བཞིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་བོད་རིགས་ཉམ་ཐག་རྒས་གཅོང་རིགས་ལ་སྨན་བཅོས་མཐུན་འགྱུར་ཆེད་ཨ་རི་སྐུ་ཚབ་དོན་ཁང་བརྒྱུད་ཨ་སྒོར་ ༩༠,༠༠༠།༠༠ ༼དགུ་ཁྲི་ཐམ་པ་༽ ཞལ་འདེབས་འབུལ་རྒྱུ་གནང་བ་ལྟར་ད་ཆ་དངུལ་འབོར་ཆ་ཚང་གནང་འབྱོར་བྱུང་ཡོད་འདུག

མི་ཉག་ཕ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བོད་རིགས་ཉམ་ཐག་རྒས་གཅོང་རིགས་ལ་སྨན་བཅོས་མཐུན་འགྱུར་གནང་བ་དེར་བོད་མིའི་སྒྲིག་འཛུགས་དང་ཨ་རི་སྐུ་ཚབ་དོན་ཁང་གིས་རང་རིགས་ལ་ལྷག་བསམ་དཀར་བའི་མི་ཉག་ཕ་བསྟན་འཛིན་དབང་རྒྱལ་ལགས་ཀྱི་གཏོང་ཕོད་ཅན་གྱི་བྱ་བར་ཡི་རང་བསྔགས་བརྗོད་ཞུས་འདུག་པ་དང་། བོད་མི་མང་པོ་ཞིག་ལ་སེམས་འགུལ་ཐེབས་པ་དང་བོད་པ་རང་ཉིད་ཀྱིས་བོད་པར་རོགས་རམ་བྱེད་པ་ནི་མིག་དཔེ་བཟང་པོ་ཞིག་རེད་ཅེས་སོགས་ཀྱི་བསྔགས་བརྗོད་དང་རྗེས་སུ་ཡི་རང་སོགས་དྲ་ཐོག་དང་ངག་ཐོག་བཅས་ནས་ཞུ་བཞིན་འདུག

ཕ་བསྟན་འཛིན་དབང་རྒྱལ་ལགས་ནི་བོད་མདོ་སྟོད་ས་ཁུལ་མི་ཉག་ཏུ་འཁྲུངས་ཤིང་། བཙན་བྱོལ་དུ་ཕེབས་རྗེས་རྡོར་གླིང་དང་རིམ་བཞིན་ཨ་རིར་འབྱོར་བའི་བགྲེས་སོང་ད་ཆ་དགུང་ལོ་༨༢ ཕེབས་པ་ཞིག་ཡིན་འདུག