16
Tue, Apr

སྲིད་སྐྱོང་བློ་བཟང་སེངྒེ་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༧ཚེས་༣༡ཉིན་བོད་མིའི་སྒྲིག་འཛུགས་དྲ་རྒྱ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢ ཉིན་ནས་ཚེས་༡༢བར་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རི་གཞུང་ཚབ་ནས་མགྲོན་འབོད་ལྟར་ཨ་རིའི་རང་བཙན་ཉིན་མོ་དུས་སྟོན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་དང་། གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ།

དེ་བཞིན་བྷན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས། གཞན་ཡང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་དུས་སྟོན་མཛད་སྒོར་མཉམ་ཞུགས་དང་གཙུག་ལག་སློབ་ཁང་དུ་གསུང་བཤད་གནང་རྒྱུ་སོགས་ཀྱི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་བཅས། ཅེས་བཀོད་འདུག