18
Thu, Apr

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་མོས་མཐུན་བྱས་ན་བོད་ལ་ལམ་སང་ཡོང་གི་ཡིན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༄༅། །ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་དོན་ལྟར་ན།  རྒྱ་ནག་གཞུང་གིས་མོས་མཐུན་བྱས་ན་བོད་ལ་ལམ་སང་ཡོང་གི་ཡིན་ཞེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་གནས་སྐོར་དུ་ཕེབས་པའི་བོད་མི་ཁག་ཅིག་ལ་བཀའ་མངགས་གནང་འདུག 

དེ་ཡང་ཕྱི་ལོ་ ༢༠༡༧  ཟླ་ ༡༡ ཚེས་ ༡༧  ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང༌། ཨོ་རི་ས། ནུབ་བྷེང་གྷལ་བཅས་ལ་མཛད་འཕྲིན་སྐྱོང་ཆེད། རྒྱ་གར་རྡ་རམ་ས་ལའི་གྷལ་གྷལ་གནམ་ཐང་བརྒྱུད་ནས་ཕེབས་སྐབས། གནམ་ཐང་གི་སྒོར་བོད་ཀྱི་ས་ཁུལ་གང་ས་ནས་གསར་དུ་ཕེབས་པའི་གནས་བསྐོར་བ་རྒན་གོག་ ༤༠ ལྷག་གིས་ངང་སྒུག་བྱས་ཡོད་པ་ཚོར་མཇལ་ཁ་གནང་ཡོད་པ་དང༌། རྒན་གོག་རྣམས་ཀྱིས་རིན་པོ་ཆེ་མགྱོགས་ནས་མྱུར་དུ་ཕ་ཡུལ་ལ་ཕེབས་རོགས་ཞེས་རེ་སྐུལ་ཞུས་སྐབས། མགོན་པོ་གང་ཉིད་མཆོག་གིས་ངས་ཕ་ཡུལ་བརྗེད་མེད། བརྗེད་ཀྱིས་མ་རེད། རྒྱ་ནག་གཞུང་གིས་མོས་མཐུན་བྱུང་ན། བོད་ལ་ལམ་སང་ཡོང་གི་ཡིན་ཅེས་བཀའ་མངགས་གནང་སོང༌།  ཅེས་འཁོད་འདུག།