20
Sat, Jul

༢༠༡༩ལོའི་ཟླ་༣་ཚེས་༦་ཉིན་བོད་ནང་དུ་༸གོང་ས་མཆོག་ལ་དད་གུས་བྱེད་པ་དེ་རྒྱ་ནག་གཞུང་གིས་ལོག་ཤེས་རེད་ཅེས་སྐྱོན་བརྗོད་བྱས་འདུག

བོད་ཀྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༣་ཚེས་༦ཉིན། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་འདུ་སྐབས། ཚོགས་འདུ་གཙོ་སྐྱོང་བ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡིན་ཇིེ་ (Wu Yingjie)་ཡིས་བོད་ལ་ཡར་རྒྱས་གཏོང་ཡོད་ཚུལ་དང་བོད་མི་རྣམས་རྒྱ་གཞུང་ལ་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་དགོས་པ་ལས་ཏཱ་ལའི་བླ་མར་དད་གུས་བྱེད་པ་ནི་ལོག་ཤེས་ཡིན་པ་སྐྱོན་བརྗོད་བྱས་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཝུ་ཡིན་ཇིེ་ནི་བོད་དབུས་གཙང་ཁོངས་ཀྱི་འགོ་ཁྲིད་ཅིག་ཡིན་པ་དང་། ཚོགས་འདུའི་ཐོག་ཏུ་ཁོས་ཏཱ་ལའི་བླ་མས་བོད་ཀྱི་ས་ཁུལ་གཅིག་ལའང་ཕན་ཐོགས་བྱས་མེད་ཅེས་བསྒྲགས་འདུག

ཁོས་ནན་སྐུལ་གྱི་རྣམ་འགྱུར་ཐོག་ནས་བོད་མི་ཚོར་དཔལ་འབྱོར་ཐད་ཡར་རྒྱས་སོང་ཡོད་པ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་ཁོ་ན་ཡིན། དཔེར་ན། ཁང་པ་མེར་ཤོེར་ན་དེ་ལས་ཐར་བ་བྱེད་མཁན་ནི་མེ་གསོད་རུ་ཁག་ཡིན་པས་དེ་ལ་ཡིད་མགུ་བ་བྱས་པ་དང་འདྲ་ཞེས་བརྗོད་འདུག

གཞན་བོད་རང་དབང་ཚོགས་པས་རྒྱ་ནག་གཞུང་གིས་དེའི་རིགས་ཀྱི་འཆར་གཞི་གང་སྟོན་བྱས་ཀྱང་། དོན་དངོས་ཐོག་བོད་མི་ཚོས་༸གོང་ས་མཆོག་ལ་བཅངས་པའི་དད་པ་དང་ཡིད་ཆེད་ནམ་ཡང་འགྱུར་མི་སྲིད་ལ། ཉིན་ཞིག་བོད་རང་དབང་ཐོབ་པའི་རེ་བ་དང་། དུས་དེར་བདེན་པ་མཐའ་གསལ་བ་དང་རྒྱ་ནག་གཞུང་གི་སྡུག་རྩུབ་དང་བཙོན་ཁང་ཁག་ལ་འཇིགས་མི་དགོས་ཞེས་བཀོད་འདུག

 

གསལ་བསྒྲགས་ཀྱི་ས་མིག