20
Sat, Apr

ཁམས་དཀར་མཛེས་ཁུལ་དུ་དམ་དྲག

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྐུ་མདུན་གྱི་འཁྲུངས་སྐར་ཚེས་ལ་ཉེ་བས་འཁྲུངས་སྐར་ལ་བསང་གཏོང་སོགས་བྱེད་མི་ཆོག་པའི་དམ་དྲག་ཆེ་རུ་རེད། དེ་བཞིན་དགོན་པའི་ནང་དུ་ཕྲུ་གུ་ཆུང་ཆུང་མང་པོ་ཡོད་རེད། དེ་དག་ཀྱང་དགོན་པ་ནང་ལ་བསྡད་ཆོག་གི་མེད་པ་དང་སློབ་གྲྭ་ནང་ལ་གཏོང་དགོས་ཡོད་ཟེར་ཞེས་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་བརྗོད་བྱུང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༦་ཉིན་འདི་ག་ཨེ་ཤ་ཡ་བོད་ཀྱི་རང་དབང་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་འབྱོར་གསལ། ངའི་ཕ་ཡུལ་ལ་ཚོགས་འདུ་ཞིག་འཚོགས་ནས་དམ་དྲག་བྱས་བྱུང་། སྐུ་མདུན་གྱི་སྐུ་པར་གཤམ་མི་ཆོག་པ་དང་གལ་ཏེ་གཤམ་མཁན་ཡོད་ན་འཇུ་བཟུང་བཀག་རྒྱ་བྱེད་རྒྱུ་ཡིན་ཟེར། དེ་ན་སྤང་ཁ་ཆེན་པོ་ཞིག་ཡོད་རེད་དེའི་སྒང་ལ་དབྱར་ཁ་ཡུལ་སྐོར་སྤྲོ་འཁྱམ་པ་ཡོང་དུས་དང་སྟབས་བསྟུན་ཟ་ཁང་བཙུགས་ནས་སྡོད་པའི་མི་གཉིས་ཡོད་རེད། ཁོང་གཉིས་སྐུ་མདུན་གྱི་སྐུ་པར་གཤམ་པ་ལ་བརྟེན་ཕྱི་ཟླ་དྲུག་པའི་འགོ་ལ་འཇུ་བཟུང་བྱས་སོང་།

འཇུ་བཟུང་བྱས་པའི་མི་སུ་ཡིན་གྱི་པར་བསྐུར་བ་སོགས་ནི་སྟབས་བདེ་བོ་མི་འདུག གཅིག་བྱས་ན་ཁོང་གཉིས་མགྱོགས་པོ་གློད་གྲོལ་གཏོང་བའི་རེ་བ་ཡོད། དེ་བཞིན་ད་ཡང་སྐུ་མདུན་གྱི་འཁྲུངས་སྐར་ཚེས་ལ་ཉེ་བས་འཁྲུངས་སྐར་ལ་བསང་གཏོང་སོགས་བྱེད་མི་ཆོག་པའི་དམ་དྲག་ཆེ་རུ་རེད། དེ་བཞིན་དགོན་པའི་ནང་དུ་ཕྲུ་གུ་ཆུང་ཆུང་མང་པོ་ཡོད་རེད། དེ་དག་དགོན་པ་ནང་ལ་བསྡད་ཆོག་གི་མེད་སློབ་གྲྭ་ནང་ལ་གཏོང་དགོས་ཡོད་ཟེར། ཞེས་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་བརྗོད་ཡོད་འདུག