20
Sat, Jul

རྒྱ༌ཡིག༌དགེ༌རྒན་གྱིས༌ཉིན༌གཅིག༌ང༌ཚོར༌རྩོམ༌འབྲི༌བསོང་ཞེས་ལྡི་ལི་གཙུག་ལག་མཐོ་སློབ་ཀྱི་སློབ་མ་དབྱངས་ཅན་སྒྲོར་མས་གསུངས་སོང་། པར་དབང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཅར་འདྲི།
Typography

ལྡི་ལི་གཙུག་ལག་མཐོ་སློབ་ཏུ་ཆབ༌སྲིད་དང་རྒྱལ༌སྤྱིའི༌འབྲེལ༌བའི་སྐོར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་དབྱངས་ཅན་སྒྲོལ་མ་ལ་མཐོ་རིམ་སློབ་མའི་སློབ་གསོ་སྐོར་ལ་བཅའ་འདྲི།


༡ ཁྱེད་ཉིད་ངོ་སྤྲོད་ཐུང་ཐུང་ཞིག་གནང་རོགས།
གུས༌མོ༌ནི༌ལྡི༌ལི༌མཐོ༌སློབ༌དུ༌སློབ༌སྦྱོང༌བྱེད༌བཞིན༌པའི༌སློབ༌མ༌དབྱངས༌ཅན༌ཡིན༎

༢ ཁྱེད་རང་གིས་སློབ་གསོ་མྱོང་བའི་ཁྲོད་ནས་བརྗེད་མི་ཐུབ་པ་དང་ཡ་མཚར་བའི་སློབ་གསོའི་གཏམ་རྒྱུད་དེ་འདྲ་གླེང་རྒྱུ་ཨེ་ཡོད།

ལན། རང༌ཉིད༌སློབ༌ཆུང༌འགྲིམས༌སྐབས༌སུ། རྒྱ༌ཡིག༌དགེ༌རྒན་གྱིས༌ཉིན༌གཅིག༌ང༌ཚོར༌རྩོམ༌འབྲི༌བཅུག་སོང༌། ངས༌ང༌ཚོ༌ཕ༌ཡུལ༌ཁ༌བ༌མར༌མར༌འབབ༌པའི༌རྣམ༌པ༌དང༌ཁ༌བས༌གཡོགས༌པའི༌རི༌བོ༌དག༌ནི༌མཆོད༌རྟེན༌དཀར༌པོ༌མཚུངས༌ཤིང༌ཞེས༌བྲིས༌པས། དགེ༌རྒན༌དགའ༌སྣང༌དང༌བཅས༌ཁྱོད༌ཀྱིས༌ཧ༌ཅང༌ཡག༌པོ༌བྲིས༌འདུག ཁྱེད༌ལ༌དྲན༌སྣང༌རྒོད༌པོ༌འདུག ཞེས༌གསུངས༌སོང༌། དེ༌རྗེས༌ནས༌ང༌རང༌རྩོམ༌ཐ༌ཐོར༌རེ༌འབྲི༌བ༌ལ་དགའ༌བ༌དང༌གོམས༌པར་འགྱུར། དེར༌བརྟེན༌དགེ༌རྒན༌གྱི༌སློབ༌གསོ༌ནི༌འཚར༌ལོངས༌བྱུང༌བཞིན༌པའི༌སློབ༌མ༌ཞིག༌ལ༌ཧ༌ཅང༌གལ༌ཆེན༌ཡིན། སློབ༌མའི༌དེའི༌མི༌ཚེའི༌དམིགས༌ཡུལ༌རྨ༌གཞི༌ཞིག༌བཞག༌སྲིད༎

༣ ཁྱེད་རང་སློབ་ཆེན་སློབ་མ་ཞིག་ཡིན་དུས་ཁྱོད་རང་ལ་མཚོན་ན་སློབ་ཆེན་སློབ་གསོ་དེ་དེ་ག་འདྲ་འདུག

ལན། རང༌ཉིད༌རྒྱ༌གར༌མཐོ༌སློབ༌ཞིག༌ལ༌འགྲིམས༌བཞིན༌ཡོད༌ཙམ རྒྱ༌གར༌མཐོ༌སློབ༌ཤེས༌ཡོན༌སློབ༌གསོ༌སྒང༌ལ༌གཞི༌བཞག༌ནས༌བཤད༌ན༌སློབ༌གཞི༌དང༌སློབ༌ཚན༌མང༌དག༌ཞིག༌ཡོད༌རེད། མཚམས༌མཚམས༌མང༌དྲག༌ནས༌ཀློག་མ༌ཐུབ༌དེ༌འདྲ༌འདུག འོན༌ཀྱང༌ངས༌དེར༌སྐྱོན༌མཐོང༌གི༌མེད། གང༌ཡིན༌ཟེར༌ན༌ག༌ཚོད༌ཀློག༌ཐུབ༌ན༌དེ༌ཚོད༌ཀྱི་མཐོང༌རྒྱ༌ཐོས༌རྒྱ༌ཆེ༌རུ༌འགྲོ༌བཞིན༌ཡོད། སྤྱི༌སློབ༌གཞི༌རྒྱ༌ཆེན༌པོ༌རེད། ང༌ཚོ༌ད༌ལྟར༌སྦྱོང༌བཞིན༌པ༌ནི༌ཆབ༌སྲིད། རྒྱལ༌སྤྱིའི༌འབྲེལ༌བ། འཁོར༌ཡུག གཞུང༌འཛིན༌སྟངས། བཟང༌སྤྱོད། བསམ༌བློ༌བཅས༌རེད༎ ད༌ལྟར༌ང༌ཚོའི༌ཀློག༌རྩལ༌དང༌འབྲི་སྦྱོང་གཉིས་བསྡུར༌ན༌འབྲི༌སྦྱོང་གི༌གོ༌སྐབས༌ཏོག༌ཙམ༌ཉུང༌ཉུང༌འདུག དེར༌བརྟེན༌དེའི༌ཐད༌ལ༌རང༌ཉིད༌ཀྱིས་ཤུགས༌སྣོན༌མ༌རྒྱག༌ན༌འབྲི༌རྩོམ༌ཉམས༌ཆགས༌འགྲོ༌བའི༌ཉེན༌ཁ༌འདུག

༤ཁྱེད་ཀྱིས་བསམ་ན་བོད་ཕྱི་ནང་གཉིས་ཀྱི་སློབ་ཆེན་སློབ་མའི་སློབ་གསོའི་བར་ལ་ཧེ་བག་མཐོང་གི་འདུག་གམ། 

ལན། བོད༌ནང༌གི༌སྤྱིའི༌སློབ༌གསོ༌དང༌སློབ༌ཆེན༌སློབ༌གསོ༌སོགས༌བོད༌ཕྱིའི༌སློབ༌གསོ༌དང༌བསྡུར༌ན༌མི༌འདྲ༌བ༌ཆེན༌པོ༌ཡོད༌རེད༌བསམ། བོད༌ནང༌གི་སློབ༌མ༌རྣམས༌ལ༌སྦྱོང༌གཞི༌ནི༌བོད༌ཕྱིའི༌སློབ༌གཞི༌བཞིན་འདྲ༌མིན༌སྣ༌འཛོམས༌དེ༌འདྲ༌མེད༌བསམ། རང༌དབང། མང༌གཙོ། འདྲ༌མཉམ། ཐོབ༌ཐང༌སོགས༌སློབ༌གཞི༌མེད༌པ༌ཡང༌ན༌མིང༌ཙམ༌མ༌གཏོགས༌མེད། དེ༌དག༌དང༌འབྲེལ༌བའི༌དེབ༌སོགས༌དཀོན༌པོ༌རེད། བོད༌ཕྱིར༌ཡོད༌པའི༌བོད༌ཕྲུག་ཚང༌མས༌སློབ༌སྦྱོང༌གོ༌སྐབས༌རག༌ཡོད༌པ༌དང༌། ཡི༌གེ༌མི༌ཤེས༌མཁན༌ཉུང༌ཉུང༌རེད། འོན༌ཀྱང༌སྤུ༌ཚད༌སྡུར༌ན༌བོད༌ནང༌གི་སློབ་མའི་སློབ་སྦྱོང་སྤུས་ཚད་མཐོ་བ༌དང་སྤུས༌ཚད༌ལེགས༌པ༌མཐོང༌། དེར༌བརྟེན༌འཁོར༌ཡུག༌དང༌སློབ༌གཞི། དགེ༌རྒན༌རྣམས༌སྦྱོང༌པ༌པོ༌ཞིག༌ལ༌ཆགས༌བཞག༌ན༌གལ༌ཆེན༌པོ༌ཆགས༌ཡོད༎

༥ཁྱེད་ཀྱིས་བསམ་ན་སློབ་གསོ་མྱོང་བ་ནི་ཅི་ཞིག་གི་ཆེད་དུ་རེད་བསམ་ཡོད།

ལན། སློབ༌གསོ༌ནི༌མི༌ཞིག༌ལ༌ཆ༌མཚོན༌ན༌ལྟ༌བའི༌མིག༌ལྟ༌བུ༌རེད། བཟང༌ངན༌དཔྱད༌པའི༌རྣམ༌དཔྱོད། མི༌དང༌མིའི༌འབྲེལ༌བ། ལས༌དོན། འཁོར༌ཡུག སྤྱི༌ཚོགས༌བཅས༌ལ༌འབྲེལ༌བཟང༌ཞིག༌ཡོང༌བའི༌ཆེད༌དུ༌རེད༌བསམ། སློབ༌གསོའི༌མྱོང༌བ༌ནི༌མེ༌ཏོག༌དང༌ཤིང༌སྡོང༌ལ༌ཆུ༌དང༌ལུད༌བླུགས༌པ༌བཞིན། ཉིན༌ཞིག༌མེ༌ཏོག༌འདབ༌མ༌རྒྱས༌ཤིང༌དང༌ཤིང༌ཏོག༌འབྲས༌བུ༌སྨིན༌ངེས། སློབ༌གསོ༌ཁྲོད༌ན༌ཁྱེད༌ལ༌དཀའ༌ངལ། རེ༌ཆད། བློ༌ཕམ༌སོགས༌ཡོང༌སྲིད། དེ༌ནི༌སློབ༌གསོ༌བརྒྱུད༌རིམ༌ཞིག༌རེད༌བསམ་དེར༌བརྟེན༌སློབ༌གསོ༌ནི༌མི༌ཞིག༌འཚར༌ལོངས༌བྱུང༌བའི༌རྒྱུད༌རིམ༌ཁྲོད༌གལ༌ཆེན༌དང༌མི༌གང༌འདྲ༌ཞིག༌ཆགས༌མིན༌ཡང༌མི༌དེའི༌སློབ༌གསོ༌ལ༌རག༌ལས༌པ༌རེད༌བསམ༎

༦སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་ཆེས་སྤྱི་སྟངས་བའི་འགན་འཁྲི་དེ་ག་རེ་རེད་འདུག

ལན། མཐོ༌སློབ༌སློབ༌མ༌ཞིག༌ཡིན༌པ༌ཆ༌ནས༌སྤྱི༌སྟངས༌འགན༌ཁྲིད༌ནི༌སློབ༌སྦྱོང༌བྱེད༌རྒྱུ༌དེ༌ཡིན། མཐོ༌སློབ༌སློབ༌གཞི༌གང༌ཡིན༌པ༌དག༌ཡག༌པོ༌ཀློག༌ཐུབ༌ན༌རང༌ཉིད༌ལ༌ཤེས༌ཡོན༌མི༌ཉུང༌བ༌རག༌ཐུབ། དེ༌མ༌ཟད་བསམ༌བློ༌ཕྱུག༌པའི༌དགེ༌རྒན༌ཆེན༌མོ༌དག༌གིས༌སློབ༌ཁྲིད༌ལ༌ཉན༌ན༌རང༌ཉིད༌ལ༌བསམ༌བློ༌གསར༌པ༌དང༌བློ༌སྐྱེས༌རྒྱས༌ངེས། རང༌ཉིད༌སྦྱོང༌པའི༌ཤེས༌ཡོན༌མི༌གཞན༌ལ༌གང༌ཐུབ༌རོགས༌པ༌བྱེད༌རྒྱུ༌དེ༌ཡང༌ད༌བར༌སློབ༌སྦྱོང༌སྦྱོང༌བའི༌འགན༌ཁྲིད༌ཞིག༌རེད༌སྙམ། བོད༌པ༌སློབ༌མ༌ཞིག༌རྒྱ༌གར༌མཐོ༌སློབ༌དུ༌ཡོད༌དུས། བོད༌ཀྱི༌གནས༌སྟངས༌འདི༌མི༌རིགས༌གཞན༌གྱི༌སློབ༌མ༌ཤེས༌སུ༌འཇུག༌རྒྱུ༌འགན༌ཁྲིད༌དམིགས༌བསལ༌རེད༌བསམ།

༧ཁྱེད་རང་ལ་བོད་པའི་ན་གཞོན་ཚོ་ལ་བཤད་འདོད་པའི་སྐད་ཆ་ག་རེ་ཡོད།

ལན། བོད༌ཀྱི༌ན༌གཞོན༌རྣམས༌ལ༌རང༌ཉིད༌གནས༌སྐབས༌ཡོད༌པའི༌འགན༌ཁྲིད༌དག༌ཡག༌པོ༌བྱེད༌དགོས༌གལ༌ཆེན༌པོ༌རེད༌བསམ། དཔེར༌ན༌སློབ༌མ༌ཞིག༌ཡིན༌ན༌སློབ༌སྦྱོང༌ཡག༌པོ༌བྱེད༌རྒྱུ། དེབ༌ག༌ཚོད༌བཀླགས༌ཐུབ༌ན༌ཁྱེད༌ལ༌ཕན༌པ༌ལས༌གནོད༌པ༌སྐྱེས༌མི༌སྲིད། དེབ༌དང༌འགྲོགས༌ན༌ཁྱེད༌གྲོགས༌བཟང༌དང༌འགྲོགས༌པ༌དང༌གཅིག༌མཚུངས༌ཡིན༌པས། ཁྱེད༌ལ༌ནམ༌ཡང༌བློ༌ཕམ༌རུ༌མི༌བཅུག ཁྱེད༌མདུན༌ནས༌མདུན༌དུ༌བསྐྱོད༌པའི༌གྲོགས༌མཛད༌ངེས༎

གསལ་བསྒྲགས་ཀྱི་ས་མིག