25
མིག, གསུམ་པ།

Expired

ཕྱི་ལོ་༢༠༢༥ ཟླ་༡ ཚེས་༢༠ ཉིན། ཊོམ་ཕུ་ཡིས་ཨ་རིའི་སྲིད་འཛིན་ཐེངས་༤༧ པའི་ལས་འགན་གྱི་དམ་བཅའ་འབུལ་སྐབས། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༥ ཟླ་༡ ཚེས་༢༠ ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ། ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་ཨ་རི་སྲིད་འཛིན་གཞོན་པ་ཇམ་སུ་ཌ་ཝི་ཝན་སི་གཉིས་ཀྱིས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་འགན་གྱི་དམ་བཅའ་ཕུལ་ཡོད་འདུག སྐབས་དེར། ཁོང་གིས་ཨ་རི་སླར་ཡང་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་བཟོ་རྒྱུ། ཨ་རི་དང་མེ་སི་ཀོ་བར་གྱི་ས་མཚམས་ཛ་དྲག་གི་གནས་སྟངས་ལ་གསལ་བསྒྲགས་བྱ་རྒྱུ། ཨ་རིའི་ནང་ཁྲིམས་འགལ་ཐོག་ནས་སླེབས་པའི་མི་ས་ཡ་མང་པོ་རྒྱལ་ཁབ་ཁུངས་སོ་སོ་ནས་ཕྱིར་སློག་གཏོང་རྒྱུ། ཨ་རི་གཞུང་འབྲེལ་ངོས་ནས་ཕོ་དང་མོ་ལས་གཞན་ངོས་འཛིན་བྱ་རྒྱུ་མིན་སོགས་གསུངས་ཡོད་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ པའི་ཐོག ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ། ཨ་རིའི་སྲིད་འཛིན་ཊོམ་ཕུ་(Donald Trump)དང་ཨ་རི་སྲིད་འཛིན་གཞོན་པ་ཇམ་སུ་ཌ་ཝི་ཝན་སི(JD Vance) གཉིས་ཀྱི་དམ་འབུལ་མཛད་སྒོ་དབུ་འཛུགས་གནང་ཡོད་འདུག སྐབས་དེར། ཨ་རིའི་སྲིད་འཛིན་༤༢ པ་བྷི་ལི-ཁི་ལིན་ཊོན་(Bill Clinton) དང་། ཨ་རིའི་སྲིད་འཛིན་༤༣ པ་ཇོར་ཇི་ཌབ་ལུ་བྷུ་ཤུ (George W. Bush)། ཨ་རིའི་སྲིད་འཛིན་༤༤པ་བྷ་རག་ཨོ་བྷ་མ་(Barack Obama) ། རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་དང་སྐུ་ཚབ་བཅས་ཕེབས་ཡོད་འདུག མགྲོན་པོ་གཞན་ཁག་ནི་ཕྱུག་བདག་ཨི་ལོན-མུ་སི་ཁི་དང་། ཨེ་མ་ཛོན་གྱི་འགོ་གཙོ་ཇེ་ཧྥི-བྷེ་ཛོ་སི། གུ་གུལ་འགོ་གཙོ་སུན་ཌར-པི་ཆར། ངོ་དེབ་འགོ་གཙོ་མར་ཁི-ཛུ་ཁེར་སྦེར་སོགས་ཕེབས་ཡོད་འདུག

དམ་འབུལ་མཛད་སྒོའི་སྐབས་སྲིད་འཛིན་ཊོམ་ཕུ་ཡི་གསུང་བཤད་གནང་དུ། ཨ་རི་སླར་ཡང་བདེ་འཇགས་དང་མཐུན་སྒྲིལ་གྱི་རྒྱལ་ཁབ་ཅིག་ཏུ་སླེབས་ཡོད་པ་དང་། ཨ་རི་སླར་ཡང་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་བཟོ་རྒྱུ། ཨ་རི་དང་མེ་སི་ཀོ་བར་གྱི་ས་མཚམས་ཛ་དྲག་གི་གནས་སྟངས་ལ་གསལ་བསྒྲགས་བྱ་རྒྱུ། ཨ་རིའི་ནང་ཁྲིམས་འགལ་ཐོག་ནས་སླེབས་པའི་མི་ས་ཡ་མང་པོ་རྒྱལ་ཁབ་ཁུངས་སོ་སོ་ནས་ཕྱིར་སློག་གཏོང་རྒྱུ། ཨ་རི་གཞུང་འབྲེལ་ངོས་ནས་ཕོ་དང་མོ་ལས་གཞན་ངོས་འཛིན་བྱ་རྒྱུ་མིན་སོགས་གསུངས་འདུག

སྲིད་འཛིན་ཊོམ་ཕུ་ཡིས་སྲིད་འཛིན་གྱི་ལས་འགན་དམ་བཅའ་ཕུལ་རྗེས་འཕྲད་དུ་ལས་འགོ་བཙུགས་ཡོད་ཅིང་། ཁོང་གིས་ཁྲིམས་འཆར་༨༠ ལ་མཚན་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་གནང་ཡོད་འདུག དེའི་ཁྲོད་ནས་དང་པོ་ནི་གྲས་ནི་ཕྱི་ལོ་༢༠༢༡་ལོའི་ཟླ་༡ ཚེས་༦ ཉིན་ཨ་རིའི་གྲོས་ཚོགས་སུ་ཊོམ་ཕུའི་རྒྱབ་སྐྱོར་བ་ཚོས་དྲག་པོ་ཐོག་ནས་ངོ་རྒོལ་བྱས་ནས་གྲོས་ཚོགས་གཏོར་བཤིག་གཏོང་མཁན་༡༥༠༠་ཙམ་གློད་གྲོལ་བཏང་འདུག དེ་ནས་ཏོག་དབྱིབས་ནད་ཡོམ་སྐབས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གྱིས་ལས་ཀ་ཡག་པོ་བྱས་མིན་སྐོར་བརྗོད་ནས་ལས་ཁུངས་དེ་ནས་ཨ་རི་ཕྱིར་འཐེན་བྱས་པ་དང་འདི་ནི་འཕྲོད་བསྟེན་ལྷན་ཁང་ནས་ཕྱིར་འཐེན་བྱས་པ་ཐེངས་གཉིས་པ་དེ་ཡིན།

དེ་བཞིན་ཕྱི་ལོ་༢༠༡༥་ལོར་འཛམ་གླིང་རྒྱལ་ཁབ་༡༩༥ ཡིས་བཞག་པའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་རྒྱལ་སྤྱིའི་ཁོར་ཡུག་ཆིངས་ཡིག་པེ་རི་སིའི་ཆིངས་ཡིག་ (Paris Agreement) ནས་ཕྱིར་འཐེན་བྱས་པ་དང་འདི་ཡང་ཕྱིར་འཐེན་བྱས་པ་ཐེངས་གཉིས་པ་དེ་ཡིན། གཞན་ཡང་རྒྱ་ནག་དང་ཁེ་ན་ཌ། མེ་སི་ཁོ་སོགས་ཀྱི་རྒྱལ་ཁབ་ཁག་ལ་ཚོང་དངོས་ཐོག་སྒོ་ཁྲལ་སྤེལ་རྒྱུ་ཡིན་པ་དང་ཨ་རིའི་ཚོང་དངོས་ཕྱི་རྒྱལ་ཁབ་ལ་འདྲ་མཉམ་བྱས་ནས་གཏོང་རྒྱུ།

ད་དུང། ཨ་རིའི་ནང་དུ་བྱིས་པ་སྐྱེས་པ་ཙམ་གྱིས་ཨ་རིའི་མི་སེར་ཆགས་ཀྱི་ཡོད་པ་དེ་མེད་པ་བཟོས་པ། ཨ་རིའི་ནང་ཁྲིམས་འགལ་ཐོག་ནས་སླེབས་པའི་མི་ས་ཡ་མང་པོ་རྒྱལ་ཁབ་ཁུངས་སོ་སོ་ནས་ཕྱིར་སློག་གཏོང་རྒྱུ། ཨ་རིའི་སྐྱབས་བཅོས་ཀྱི་ལས་ཁུངས་ཤིག་གནས་སྐབས་སྒོ་བརྒྱབས་པ། ཨ་རི་གཞུང་འབྲེལ་ངོས་ནས་ཕོ་དང་མོ་ལས་གཞན་ངོས་འཛིན་བྱ་རྒྱུ་མིན་པ། ཨ་རིའི་ནང་དུ་ལས་ཁུངས་ཁག་ཏུ་ཞོགས་པ་ཆུ་ཚོད་༩་པ་ནས་༥ བར་དུ་ལས་ཁུངས་དུ་སླེབས་ནས་ལས་ཀ་བྱ་དགོས་པ་བཟོས་པ། ལས་གནས་སྟོང་པ་རྣམས་ཁ་སྐོང་བྱ་རྒྱུ་སོགས་ཀྱི་ཐོག་མཚན་རྟགས་བཀོད་འདུག