25
མིག, གསུམ་པ།

Expired
སྤྱི་ཚོགས་དང་ཤེས་ཡོན།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤ ཟླ་༡༠ ཚེས་༡༨ ཉིན་སྤེལ། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་འགྱུར་འོག ༸རྒྱལ་བ་རིན་པོ་ཆེ་མཆོག་གི་དབྱིན་ཡིག་ཏུ་ཞུགས་པའི་ཕྱག་དེབ་བཅུ་བཞི་བོད་སྒྱུར་གནང་ནས་ཉེ་ཆར་པར་བསྐྲུན་གནང་འདུག ཕྱག་དེབ་འདི་དག་ནི་ཕྱི་རྒྱལ་རྩོམ་པ་པོ་དང་གསར་འགོད་ཁག་ཅིག་གིས་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་ཀྱི་གནད་དོན་སྐོར་དང་། ཆོས་ལུགས་མཐུན་སྒྲིལ་སྐོར། བྱམས་བརྩེའི་གལ་གནད་སྐོར། སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་སྐོར། བཟང་སྤྱོད་གོང་འཕེལ་སྐོར། ཁོར་ཡུག་གཅེས་སྐྱོང་སྐོར། དེང་གི་འཛམ་གླིང་གི་དཀའ་རྙོག་སྐོར་སོགས་ལ་བཀའ་འདྲི་ཞུས་ནས་བརྩམས་གནང་བ་ཞིག་ཡིན་འདུག

དེ་ཡང་། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་འགྱུར་འོག བོད་ཡིག་ཏུ་བསྒྱུར་བའི་༸རྒྱལ་བའི་གསུང་རྩོམ་བོད་འགྱུར་མ་ཁྱོན་༢༠་པར་བསྐྲུན་ཞུས་ཡོད་པ་དང་། ཚན་པ་དང་པོའི་ནང་ནས་ཕྱག་དེབ་བདུན་ཕྱི་ལོ་༢༠༢༢་ལོར་པར་བསྐྲུན་ཞུས་ཟིན། དེ་དག་ནི་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་མང་ཚོགས་དཀྱུས་མའི་འཚོ་བ་དང༌། བསམ་བློ། ཉམས་མྱོང་སོགས་ལ་འཚམས་པའི་སྒོ་ནས་གསུངས་པའི་ནང་ཆོས་ཀྱི་ཕྱག་དེབ་ཡིན་འདུག

ཐེངས་འདིར་༸རྒྱལ་བའི་གསུང་རྩོམ་བོད་འགྱུར་མ་ཕྱག་དེབ་༡༣ པར་བསྐྲུན་ཞུས་ནས་ཕྱི་ལོ་༢༠༢༤ ཕྱི་ཟླ་༨་པའི་ཚེས་༢༤ ཉིན་དབུ་འབྱེད་ གནང་འདུག ཕྱག་དེབ་འདི་དག་ནི་ཕྱི་རྒྱལ་རྩོམ་པ་པོ་དང་གསར་འགོད་ཁག་ཅིག་གིས་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་ཀྱི་གནད་དོན་སྐོར་དང་། ཆོས་ལུགས་མཐུན་སྒྲིལ་སྐོར། བྱམས་བརྩེའི་གལ་གནད་སྐོར། སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་སྐོར། བཟང་སྤྱོད་གོང་འཕེལ་སྐོར། ཁོར་ཡུག་གཅེས་སྐྱོང་སྐོར། དེང་གི་འཛམ་གླིང་གི་དཀའ་རྙོག་སྐོར་སོགས་ལ་བཀའ་འདྲི་ཞུས་ནས་བརྩམས་གནང་བ་ཞིག་ཡིན་འདུག

ཕྱག་དེབ་བདུན་པ། སེམས་སྦྱོང་གི་སློབ་གསོ་(TRANSFORMING THE MIND) ཞེས་པ་ནི། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བློ་སྦྱོང་ཚིགས་བརྒྱད་མའི་འཆད་ཁྲིད་དང་སྟོང་ལོ་གསར་པའི་བླང་དོར་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་སྩལ་བའི་ཕྱག་དེབ་ཅིག་ཡིན་འདུག

ཕྱག་དེབ་དགུ་པ། སྒོམ་རིམ་བར་མའི་དགོངས་འགྲེལ་(STAGES OF MEDITATION)་ཞེས་པ་ནི། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༩༨༩་ལོར་རྒྱ་གར་བྱང་ཕྱོགས་མ་ན་ལིར་སྒོམ་རིན་པའི་བཀའ་ཁྲིད་སྩལ་བ་ཞིག་ཡིན་པ་དང་ཕྱི་ལོ་༢༠༠༢་ལོར་ཐོག་མར་དབྱིན་ཡིག་ནང་དུ་པར་བསྐྲུན་ཞུས་པ་དང་ཕྱི་ལོ་༢༠༡༨་བོད་སྒྱུར་ཞུས་ནས་ཕྱི་ལོ་༢༠༢༤་ལོར་པར་བསྐྲུན་ཞུས་པ་ཞིག་རེད་འདུག

ཕྱག་དེབ་བཅུ་པ། བོད་བརྒྱུད་ནང་བསྟན་གྱི་ལྟ་བ་དང་ཉམས་ལེན་གྱི་རྣམ་བཤད་ (THE WORLD OF TIBETAN BUDDHISM) ཞེས་པ་ནི། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཕགས་པའི་བདེན་པ་བཞི་རྩ་བར་མཛད་ནས་གསང་སྔགས་དང་བཅས་བོད་བརྒྱུད་ནང་བསྟན་གྱི་ལྟ་བ་དང་ཉམས་ལེན་སྐོར་བཀའ་ཁྲིད་གནང་པའི་ཕྱག་དེབ་ཅིག་ཡིན་འདུག

དེ་ཡང་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་ཕྱག་དེབ་ངོ་སྤྲོད་གནང་བར་ལྟར་ན། ཕྱག་དེབ་བཅུ་གཅིག་པ་ནི། ༸གོང་ས་ྋསྐྱབས་མགོན་ཆེན་པོས་མཛད་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ཡང་དག་པའི་ལམ་བུ་ཞེས་པ་དེ་ཡིན་ཞིང་། དཔེ་དེབ་འདིར་མགོན་པོ་གང་ཉིད་འཛམ་གླིང་གི་ཆོས་ལུགས་ཕལ་མོ་ཆེའི་གནས་ཆེན་ཁག་ཏུ་ཞབས་ཀྱིས་བཅགས་པ་དང༌། ཆོས་ལུགས་གཞན་གྱི་ལྟ་གྲུབ་དང་སྲོལ་རྒྱུན་ལ་རྒྱུས་ལོན་མཛད་པ། ཆོས་ལུགས་ཀྱི་དབུ་ཁྲིད་ཚོར་མཇལ་འཕྲད་གནང་བ། ཆོས་ལུགས་ཀྱི་མི་སྣ་དང་ལྷན་དུ་ཐུགས་སྨོན་གསོལ་འདེབས་གནང་བ་སོགས་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་བླ་ན་མེད་པའི་མཛད་པ་བསྐྱངས་ཚུལ་དང༌། དེ་དང་འབྲེལ་བའི་སྐུ་ཉིད་ཀྱི་ཐུགས་མྱོང་དང༌། དགོངས་གཞི། ཐུགས་སྨོན་སོགས་ཀྱི་བརྗོད་བྱ་ཁག་འདུས་ཡོད།

ཕྱག་དེབ་བཅུ་གཉིས་པ་ནི། རོ་བྷར་ཊི་-ཐར་མན་(Robert Thurman) གྱིས་༧སྐུ་མདུན་གྱི་སྐོར་ལ་བརྩམས་པའི་༧ཏཱ་ལའི་བླ་མ་གལ་གནད་ཆེ་དོན་ཅི་ཡིན་ཞེས་པ་དེ་ཡིན་ཞིང༌། འདིའི་ནང་དུ་རྩོམ་པ་པོས་རིག་ཚན་ཕྱོགས་སྣ་མང་ནས་༸རྒྱལ་བ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་བླ་ ན་མེད་པའི་མཛད་བཟང་གི་ཆེ་བ་མངོན་པར་བརྗོད་ཡོད་པར་མ་ཟད། བོད་ཀྱི་རིག་གཞུང་དང༌། ལོ་རྒྱུས། ཆབ་སྲིད།(བོད་རྒྱའི་གནད་དོན།) བོད་ཀྱི་ཁོར་ཡུག་སོགས་ཀྱི་སྐོར་ཡང་ཞིབ་རྒྱས་སུ་བྲིས་ཡོད་པའི་བརྗོད་བྱ་ཕུན་སུམ་ཚོགས་པའི་དཔེ་དེབ་ཅིག་ཡིན། ༸རྒྱལ་བའི་གསུང་རྩོམ་བོད་འགྱུར་མའི་དེབ་ཕྲེང་བཅུ་ཚན་གཉིས་པ་ལས་རྩོམ་པ་པོ་གཞན་གྱིས་ྋསྐུ་མདུན་དང་ལྷན་དུ་བརྩམས་པའི་ཕྱག་རྩོམ་བཞི་ནི། གསར་བརྗེའི་འབོད་པ་དང༌། དགའ་སྤྲོའི་གླེགས་བུ། དཀྱེལ་ཡངས་ལྡན་པའི་ཤེས་རབ། བྱམས་བརྩེ་ལྡན་པའི་ཤེས་རབ། བདེ་སྐྱིད་ཀྱི་མན་ངག་བཅས་ཡིན།

ཕྱག་དེབ་བཅུ་གསུམ་པ། གསར་བརྗེའི་འབོད་པ་ཞེས་པ་ནི། ༸རྒྱལ་བ་རིན་པོ་ཆེས་འཛམ་གླིང་གི་གཞོན་སྐྱེས་ཚོར་བྱམས་བརྩེའི་གསར་བརྗེ་སློང་བར་སྐུལ་བའི་ཚིག་ཉུང་དོན་འདུས་ཀྱི་གཞེན་སྐུལ་ཞིག་ཡིན་ལ། ལྕམ་སོ་ཧྥེ་ཡ་-སི་ཊིལ་-རེ་ཝེར་(Sofia Stril-Rever) གྱིས་༸སྐུ་མདུན་དང་སྒེར་མཇལ་གྱིས་གླེང་མོལ་བྱས་ཏེ་བརྩམས་པ་ཞིག་ཡིན།

ཕྱག་དེབ་བཅུ་བཞི་པ་དང་བཅོ་ལྔ་པ། དགའ་སྤྲོའི་གླེགས་བུ་ཞེས་པ་ནི། བྱམས་བརྩེའི་ རང་གཟུགས་༸རྒྱལ་བ་རིན་པོ་ཆེ་དང་དཀྱེལ་ཡངས་ཀྱི་བདག་ཉིད་ཡེ་ཤུའི་ཆོས་དཔོན་ཌེ་སི་མོན་-ཊོ་ཊོ་(Desmond Tutu) རྣམ་གཉིས་དང་ལྷན་དུ། རྩོམ་པོ་ཌ་གྷི་ལེ་སི་-ཨེ་བྷི་རམ་(Douglas Abrams) གྱིས་བྲིས་པའི་བརྩམས་ཆོས་གྲགས་ཅན་ཞིག་ཡིན། དེ་ཡང་། དེང་གི་འཛམ་གླིང་གི་དཀའ་རྙོག་སྣ་ཚོགས་ཀྱི་ཁྲོད་ནས་ཆོས་ལུགས་ལ་མ་བརྟེན་པའི་ཐབས་ལམ་ལ་བརྟེན་ནས་དགའ་སྤྲོ་ལྡན་པའི་མི་ཚེ་ཞིག་ཇི་ལྟར་འབྱུང་ཐབས་སུ་བརྩམས་པ་ཞིག་སྟེ། དགའ་སྤྲོའི་རང་བཞིན་དང༌། དགའ་སྤྲོའི་འགོག་རྐྱེན། དགའ་སྤྲོའི་དབྱེ་བ་བཅས་ཚན་པ་ཆེན་པོ་གསུམ་དང༌། ཚན་ཆུང་ཉེར་དགུའི་བདག་ཉིད་ཅན་གྱི་དཔེ་དེབ་ཅིག་ཡིན་ལ། མ་རྩོམ་དུ་ཕྱག་དེབ་གཅིག་ཡིན་ཡང་འགྱུར་ལ་སྟོད་ཆ་དང་སྨད་ཆ་གཉིས་ཡོད།

ཕྱག་དེབ་བཅུ་དྲུག་དང་བཅུ་བདུན་པ། དཀྱེལ་ཡངས་ལྡན་པའི་ཤེས་རབ་ཅེས་པ་དང༌། བྱམས་བརྩེ་ལྡན་པའི་ཤེས་རབ་ཅེས་པ་གཉིས་ནི། རྩོམ་པ་པོ་ཝེ་ཁུ་ཊོར་ཆན་(Victor Chan) གྱིས་༸སྐུ་མདུན་གྱི་མཛད་པ་འཕྲིན་ལས་ཀྱི་སྐོར་ལ་བརྩམས་པའི་ཕྱག་དཔེ་གཉིས་ཡིན། དེ་ཡང༌། ༸རྒྱལ་བ་རིན་པོ་ཆེས་འགྲོ་དོན་མཛད་ཕྱིར་འཛམ་གླིང་གི་ཡུལ་གྲུ་མང་པོར་ཞབས་ཀྱིས་བཅགས་ནས་རླབས་ཆེན་གྱི་མཛད་འཕྲིན་སྐྱོང་སྐབས། རྩོམ་པ་པོ་མགོན་པོ་གང་ཉིད་ཀྱི་རྗེས་སུ་ཞུགས་ཏེ། དངོས་མྱོང་གི་ཐོག་ནས་སྐབས་དེའི་ཁོང་ཉིད་ཀྱི་བླ་ན་མེད་པའི་མཛད་སྤྱོད་རྣམས་རྩོམ་རིག་གི་བག་མའི་ངག་ལ་བརྒྱུས་ཏེ། བརྩམས་པའི་བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་ཡིད་དབང་འཕྲོག་པའི་ཕྱག་དཔེ་གཉིས་ཡིན། འདི་གཉིས་ནི་༸རྒྱལ་བའི་མཛད་རྣམ་བྱེ་བྲག་ཏུ་བརྗོད་པའི་ཕྱག་དཔེའི་གྲས་སུ་གཏོགས་པར་སྣང༌།

ཕྱག་དེབ་བཅོ་བརྒྱད་པ། བདེ་སྐྱིད་ཀྱི་མན་ངག་ཅེས་པ་ནི། བདེ་སྐྱིད་ཀྱི་བསྟན་བཅོས་ཞེས་པའི་དེབ་ཕྲེང་ལས་པོད་དང་པོའི་རྩ་བའི་བརྗོད་བྱ་རྣམས་སྟོན་པའི་གནད་ཚིག་རྣམས་འདེམས་སྒྲུག་གིས་དེའི་བརྗོད་དོན་དང་ཉམས་ལེན་དག་གི་ཉིང་ཁུ་བསྡུས་པ་ཞིག་ཡིན། བདེ་སྐྱིད་ཀྱི་བསྟན་བཅོས་ཀྱི་པོད་ཕྲེང་དང་པོ་དེ་ནི། ས་བཅད་གཙོ་བོ་ལྔ་རུ་ཕྱེ་ནས་དེ་དག་རེ་རེ་ལའང་ལེའུ་དུ་མ་རེ་ཡོད་པའི་དེབ་ཅིག་ཡིན། དེ་མཚུངས་སུ་བདེ་སྐྱིད་ཀྱི་མན་ངག་འདི་ལའང་ས་བཅད་ལྔ་ཡོད་པ་དང༌། དེ་དག་རེ་རེའི་ ནང་དུ་པོད་དང་པོའི་ཆ་མཐུན་གྱི་ས་བཅད་དུ་ཡོད་པའི་བརྗོད་བྱ་གཙོ་བོ་དང་འབྲེལ་བའི་གདམས་ངག་རྣམས་ཟུར་འདོན་གྱིས་བཀོད་ཡོད་པའི་དེབ་ཆུང་ཞིག་ཡིན། ༸རྒྱལ་བའི་གསུང་རྩོམ་བོད་འགྱུར་མའི་དེབ་ཕྲེང་བཅུ་ཚན་གཉིས་པ་ལས། ྋསྐུ་མདུན་དང་ལྷན་དུ་བཅར་འདྲི་སོགས་བྱས་ཏེ་བརྩམས་པའི་ཕྱག་དཔེ་གསུམ་ནི། ཤེས་རབ་དང་ཞི་བདེའི་ལམ་བུ་དང༌། འཆམ་མཐུན་གྱི་འཇིག་རྟེན། བྱམས་བརྩེ་དང་དཀྱེལ་ཡངས་བཅས་ཡིན།

ཕྱག་དེབ་བཅུ་དགུ་པ། ཤེས་རབ་དང་ཞི་བདེའི་ལམ་བུ་ཞེས་པ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་ཐོབ་པའི་གསར་འགོད་པ་ཧྥེ་ལེ་ཛི་ཊ་སི་-ཝོན་-ཤོན་བྷོན་(Felizitas Von Schoenborn) གྱིས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་སྐོར་དང༌། སྲིད་འབྱོར་རིག་གསུམ་དང་འབྲེལ་བའི་གནད་ཆེ་བའི་བརྗོད་དོན་སྣ་ཚོགས་ཀྱི་སྐོར་ནས་མགོན་པོ་གང་ཉིད་དང་ལྷན་དུ་གླེང་མོལ་ཞུས་ཤིང༌། ནང་བསྟན་རིག་གནས་ཀྱི་བརྗོད་དོན་མང་པོར་དབྱེ་ཞིབ་དང་ནང་བསྟན་ནུབ་ཕྱོགས་སུ་དར་རྒྱས་བྱུང་ཚུལ་དང་དེའི་རྒྱབ་ལྗོངས་སོགས་ལ་ཕྱིར་རྟོག་བྱས་པའི་བརྩམས་ཆོས་ཤིག་ཡིན།

ཕྱག་དེབ་ཉི་ཤུ་པ། འཆམ་མཐུན་གྱི་འཇིག་རྟེན་ཞེས་པ་ནི། ༧རྒྱལ་བ་རིན་པོ་ཆེས་ནུབ་ཕྱོགས་ཀྱི་མཁས་དབང་ཆེན་མོ་འགའ་ཤས་དང་ལྷན་དུ། ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་དང་ནང་པའི་ཉམས་ལེན་གཉིས་གཞིར་བཟུང་ནས་འགྲོ་བ་མིའི་བདེ་སྡུག་གི་སྐོར་གླེང་མོལ་གནང་བ་ཞིག་ཡིན།

ཕྱག་དེབ་ཉེར་གཅིག་པ། བྱམས་བརྩེ་དང་དཀྱེལ་ཡངས་ཞེས་པ་ནི། ཕྱི་ལོ་༢༠༠༢ ལོར་༸རྒྱལ་བ་རིན་པོ་ཆེས་ནེའུ་ཟེ་ལན་དུ། མང་ཚོགས་ལ་གསུངས་པའི་གསུང་བཤད་ཁག་ཅིག་དང༌། མཁས་དབང་གཞན་དང་ལྷན་དུ་བགྲོ་གླེང་གནང་བ་བཅས་ཀྱིས་གྲུབ་པའི་ཕྱག་དཔེ་ཞིག་ཡིན། འདིའི་ནང་དུ་གཙོ་བོ་སེམས་ཀྱི་ཡོན་ཏན་གོང་འཕེལ་དུ་གཏོང་དགོས་ཚུལ་དང༌། རྐྱེན་ངན་གྲོགས་སུ་སྒྱུར་ཐབས། ཁོར་ཡུག་དང་དབུལ་ཕྱུག་གི་གནད་དོན། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་གནད་དོན་སོགས་ཀྱི་བརྗོད་བྱ་སྣ་མང་འདུས་ཡོད། ཅེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།